分享按钮

རྒྱུན་ཤེས་འཚོ་བའི་གདམས་པ།

བོད་ལྗོངས་སློབ་ཆེན།ཕུར་བུ་ཆུང་ཐག་གིིས་བསྒྱུར།

དབྱར་ཁ་ཚ་གདུག་ཆེ་བའི་སྐབས་འགུལ་ཙམ་བྱས་རུང་རྔུལ་ཆུ་ཁྲོམ་ཁྲོམ་བྱེད་པ་དང་། མཚམས་རེ་ལས་ཀ་ཅི་ཡང་བྱས་མེད་ཀྱང་ལུས་པོ་དཀའ་ལས་ཁག་པོ་དང་གྲུང་ཤ་མེད་པའི་སྣང་ཚུལ་ཐོན་ཡོང་། གལ་ཏེ་རྟག་ཏུ་དོན་མེད་ཀྱི་དཀའ་ལས་ཁག་པའི་གནས་ཚུལ་ཐོན་ཚེ། འདི་ནི་སྤྱིར་བཏང་འཚོ་བཅུད་ཅཱ་མི་འདང་བ་ཡིན་པས་གཟབ་གཟབ་བྱེད་དགོས།

འཚོ་བཅུད་ཅཱ་གྱི་ཕྱུག་པའི་ངང་ལག་ནི་འཚོ་བའི་ནང་མཐོང་ཆོས་སུ་འགྱུར་བའི་བཟའ་རིགས་ཤིག་ཡིན་པས། ཛ་དྲག་གི་གནས་ཚུལ་འཕྲད་སྐབས་ངང་ལག་བཟས་ཚེ་སྐབས་འཕྲལ་གྱི་འཚོ་བཅུད་ཅཱ་ཁ་གསབ་བྱེད་ཐུབ་པའི་ནུས་པ་ལྡན། ད་དུང་ཇིན་ཚལ་དང་ཀེའུ། ཤིང་ཏོག་བིལ་པ། ཚ་ལུ་མ།ཡུ་གུ།ནས་སོགས་ནི་འཚོ་བཅུད་ཅཱ་ཡོད་པའི་བཟའ་བཅའ་ཤ་སྟག་ཡིན།

དུས་ཡུན་རིང་པོར་ཁ་ལག་མ་བཟས་པ་དང་དང་ག་མེད་པ། བཟའ་ཆར་གདམ་ག་བྱེད་མཁན་དག་ལ་ཅཱ་ཉུང་ཁྲག་ནད(低钾血症)ཕོག་སླ། ལྷག་པར་དུ་དྲོད་ཚད་མཐོ་བའི་སྐབས། མི་མང་དག་ཅིག་བཟས་ཟ་བར་དང་ག་མེད་པས་ཉུང་ཙམ་བཟས་རྐྱེན་ལུས་པོར་འཚོ་བཅུད་ཅཱ་མི་འདང་བའི་སྐྱོན་ཐོན་སྲིད། དབྱར་གཞུང་སྐབས་རྔུལ་ཆུ་མང་པོ་ཐོན་པའམ་སྐྱུགས་པ་ཤོར་བ་དང་གྲོད་པ་བཤལ་བ་བཅས་ཀྱིས་ལུས་པོའི་ནང་གི་འཚོ་བཅུད་ཅཱ་ཉུང་དུ་འགྲོ་སྲིད་པ་དང་མཁལ་ནུས་ཞན་པའི་མི་ལ་ཡང་འཚོ་བཅུད་ཅཱ་ཉུང་དྲགས་པའི་ནད་ཕོག་སླ།

ཕོ་བ་དང་རྒྱུ་མའི་ནད་ཕོག་པའམ་ཁ་ལག་མང་པོ་བཟའ་མ་ཐུབ་པའི་རྒན་འཁོགས་དག་ལ་འཚོ་བཅུད་ཅཱ་ཁ་གསབ་བྱེད་ཐུབ་པའི་ཆེད་ངེས་པར་དུ་འཚོ་བཅུད་ཅཱ་ལྡན་པའི་བཟས་རིགས་མང་ཙམ་བཟའ་དགོས། འཚོ་བཅུད་ཅཱ་ནི་སྤྱི་ཆ་ནས་གཅིན་པ་དང་མཉམ་དུ་འབུད་པས། འཁལ་ནུས་ཞན་པའི་ནད་པ་དེ་དག་གི་འཁལ་མའི་ནུས་ཤུགས་ཀྱིས་འཚོ་བཅུད་ཅཱ་ཕྱིར་འབུད་བྱེད་སླ་པོ་མེད་རྐྱེན། དེའི་རིགས་ཀྱི་ནད་པ་དག་འཚོ་བཅུད་ཅཱ་མང་པོ་ཡོད་པའི་ཟས་རིགས་བཟའ་མི་རུང་།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 བོད་ལྗོངས་སློབ་ཆེན།ཕུར་བུ་ཆུང་ཐག་གིིས་བསྒྱུར། 6 6 拉萨日报藏文 c188445.html 1 རྒྱུན་ཤེས་འཚོ་བའི་གདམས་པ། /enpproperty-->