分享按钮

ཟླ་མཚན་སྐོར་གྱི་ཤེས་བྱ་ཐར་ཐོར།

བོད་ལྗོངས་སློབ་ཆེན།བདེ་སྐྱིད་མཚམས་གཅོད་ཀྱིས་བསྒྱུར།

དུས་ལྟར་མི་འབབ་པའི་རྐྱེན།

ནང་སེམས་ཀྱི་རྐྱེན།དུས་ཡུན་རིང་པོར་སེམས་སྡུག་དང་དངངས་སྐྲག ཕོག་ཐུག་སོགས་བྱུང་བ།

སྨན་གྱི་རྐྱེན།བུད་མེད་ཀྱིས་དུས་ཡུན་རིང་པོར་སྦྲུམ་འགོག་སྨན་བཟས་པ།

ནད་ཀྱི་རྐྱེན།བུ་སྣོད་ཀྱི་ཤ་སྐྲན་དང་རྨེན་ཤའི་ནད། བུ་སྣོད་ནང་སྐྱིའི་ཤ་འཛེར། སྣོད་མང་བསམ་བསེའུ། ཨོལ་གོང་གཤེར་རྨེན་གྱི་ནུས་པ་འཁྲུག་པ་སོགས་ཀྱི་ནད་ཡོད་པ།

རྐྱེན་གཞན།ཟ་འཐུང་གྲང་མོའི་རིགས་དང་ཁ་ཚའི་རིགས་མང་པོ་བཟས་པ་དང་། ཐ་མག་འཐེན་པ་དང་ཆང་རག་བཏུང་བ། དུས་ཐོག་ཏུ་གཉིད་མ་ཉལ་བ་སོགས་བྱས་པ།

སྔོན་འགོག་ཇི་ལྟར་བྱ་དགོས།

སེམས་ལྷོད་དུ་འབེབས་པ་དང་།སེམས་ལ་ཕོག་ཐུག་མི་གཏོང་བ།དྲོ་ཇུས་ཡག་པོ་བྱེད་པ། ངལ་ཡག་པོ་གསོ་བ། ལུས་སྦྱོང་རན་པོ་བྱེད་པ།ཁ་ལག་དུས་ཐོག་ཏུ་ཟ་བ། ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ་སོགས་ལ་དང་དོད་བྱེད་དགོས།

གལ་ཏེ་ཟླ་མཚན་དུས་ལྟར་མ་བབ་ན་ཇི་ལྟར་བྱེད།

སྨན་པའི་བཀའ་བཞིན་སྐུལ་རྫས་རིགས་ཀྱི་སྨན་གཏང་དགོས་པ་མ་ཟད། འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པར་བྱེད་དགོས།

ཡོང་ཁུངས། མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཞེ་ཧོ་སྨན་ཁང་གི་སྨན་གཡོག་གིས་བུད་མེད་ཀྱི་བདེ་ཐང་གླེང་བ》ཞེས་པ་ལས་བདམས།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 བོད་ལྗོངས་སློབ་ཆེན།བདེ་སྐྱིད་མཚམས་གཅོད་ཀྱིས་བསྒྱུར། 6 6 拉萨日报藏文 c188444.html 1 ཟླ་མཚན་སྐོར་གྱི་ཤེས་བྱ་ཐར་ཐོར། /enpproperty-->