གཅེན་མོ། དོ་ནུབ་ང་མུན་གྱིས་བཏུམས་པའི་གཏེར་ལེན་ཁ་ན་ཡོད།
གཅེན་མོ། དོ་ནུབ་ངར་དབང་བ་ནི་མྱ་ངམ་ཐང་ལས་གཞན་ཅི།
ངས་རྩྭ་ཐང་གི་ཕ་མཐར་ལག་ཟུང་སྙོབ་རུང་།
སྐྱོ་གདུང་གི་མིག་ཆུ་རྡོག་གཅིག་ཀྱང་བཟུང་མ་ཐུབ།
གཅེན་མོ། དོ་ནུབ་ང་གཏེར་ལེན་ཁ་ན་ཡོད།
གནས་འདི་ནི་ཆར་ཆུས་བཞུད་པའི་མཐའ་འཁོབ་ཀྱི་ཡུལ་ཞིག་སྟེ།
འགྲུལ་པ་དང་གཞིས་ཆགས་པ་འགའ་རེ་ལས་མ་མཐོང་།
དོ་ནུབ་ཀྱི་གཏེར་ལེན་ཁ་ནི།
ངའི་ཆེས་མཐའ་མཇུག་གི་གདུང་ཞེན་དང་།
ཆེས་མཐའ་མཇུག་གི་རྩྭ་ཐང་ཡིན།
ངས་ཐོབ་ཤོར་དང་རྒྱལ་ཁ་རང་སར་འཇོག་ལ།
དོ་ནུབ་ཀྱི་ནས་འབྲུ་གཏེར་ལེན་ཁའི་གནས་མལ་དུ།
སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་སུ་ཆུག
དོ་ནུབ་ང་ལ་མཛེས་པའི་མྱ་ངམ་ཐང་འདི་ལས་གང་ཡང་མ་དབང་།
གཅེན་མོ། དོ་ནུབ་ངས་འགྲོ་བ་མིའི་བདེ་སྡུག་ལ་མི་བསམ་པར་ཁྱེད་ཁོ་ན་དྲན་བཞིན་ཡོད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社