ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་20ཉིན།བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པའི་2024ལོའི་བོད་ལྗོངས་སུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ཤིས་ཚིག་གསུངས་པ་དང་། གྲོང་སྤྱི་གཞོན་པ་བློ་བརྟན་ཚོགས་འདུར་ཞུགས་པ་དང་འབྲེལ་རྒུ་རུམ་གྲོང་རྡལ་གྱི་ནད་གཞིའི་རྐྱེན་གྱིས་དབུལ་པོ་བསྐྱར་ལོག་གི་ཆེད་དོན་ཐེབས་རྩའི་སྒོ་བྱང་བཀལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་ཞེས་པ་དང་ཀྲུང་གོའི་བདེ་ཐང་གི་གྲོང་གསེབ་ཡག་པོ་ཞེས་པའི་ཆེད་དོན་ཐེབས་རྩའི་རོགས་སྐྱོར་དེ་སྤྱི་ཕན་བྱེད་སྒོ་གཅིག་གི་ནང་ཐོག་མར་སྦྲེལ་མཐུད་བྱས་པ་དང་།དེའི་ནང་བདེ་ཐང་སློབ་གསོ་དང་།བདེ་ཐང་ཁམས་གསོའི་གླེང་སྟེགས། གྲོང་གསེབ་ཡག་པོའི་དཔེ་སྟོན་ཁུལ་གྱི་རྟོག་ཞིབ་སོགས་མང་པོ་ཞིག་གཅིག་ཏུ་བསྡུས་ཡོད། བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་ནི་སྐབས་བཅོ་ལྔ་པའི་བདེ་ཐང་གི་ཀྲུང་གོའི་གླེང་སྟེགས་དང་ཁམས་གསོའི་གླེང་སྟེགས་ཀྱི་གྲགས་རྟགས་དེ་ས་མཐོའི་ཁུལ་དུ་ཐོག་མར་བཏོན་པ་དང་འབྲེལ།ས་གནས་དེ་གའི་བདེ་ཐང་ཐོན་ལས་ཆེན་པོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་རྣམ་གྲངས་སྤེལ་ནས།གྲགས་རྟགས་ཆེད་དོན་ཐེབས་རྩ་སྟེ་ཀྲུང་གོའི་བདེ་ཐང་གི་གྲོང་གསེབ་ཡག་པོའི་རྣམ་གྲངས་དེ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དུ་དཔེ་སྟོན་ཁུལ་དུ་དོན་འཁྱོལ་ཐུབ་པར་བྱ་རྒྱུ་དེ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社