分享按钮

རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཆེན་མོའི་ལྷ་སའི་འགྲན་ཁུལ་གྱིས་བསྐྱར་འགྲན་གྱི་བྱེད་སྒོ་སྤེལ་བ།

པར་འདི་ནི་འགྲན་རའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་འཕེལ་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཟླ་9ཚེས་20ཉིན་གྱི་སྔ་དྲོར། “ཀྲུང་ཧྭའི་རྩ་ཆེའི་རིག་གནས་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཆེན་མོའི་ལྷ་སའི་འགྲན་ཁུལ་གྱིས་བསྐྱར་འགྲན་གྱི་བྱེད་སྒོ་དེ་བདེ་བླག་ངང་སྤེལ་བ་རེད། ཐོག་མར་འདེམས་པའི་འགྲན་བསྡུར་དྲག་པོ་བྱས་རྗེས། བྱིས་པའི་ཚོགས་ཆུང་དང་། ལོ་ཆུང་ཚོགས་ཆུང་། གཞོན་ནུའི་ཚོགས་ཆུང་། དར་མའི་ཚོགས་ཆུང་བཅས་ལས་ཕུལ་དུ་བྱུང་བའི་བདམས་ཐོན་པ་རྣམས་མཉམ་དུ་འཛོམས་ནས་རང་སྐྱོང་ལྗོངས་ཀྱི་རྟིང་རྩོད་ལ་ཞུགས་རྒྱུར་འབད་བརྩོན་བྱས་པ་རེད། འགྲན་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། བདམས་ཐོན་པ་ཚང་མར་སྙིང་སྟོབས་དང་གདེང་ཚོད་ཀྱིས་ཁེངས་ཡོད། ཁོང་ཚོས་བརྩེ་སེམས་ཟབ་མོའི་སྒོ་ནས་ཀྲུང་ཧྭའི་ལེགས་བཤད་གྱེར་ཞིང་། དཔྱད་འདེམས་ཨུ་ཡོན་གྱིས་བཏོན་པའི་དྲི་བར་ལན་འདེབས་པའམ་གསོན་ཉམས་དོད་པོའི་སྒོ་ནས་ཉེ་འགྲམ་གྱི་རིག་གནས་སྐོར་གྱི་གཏམ་རྒྱུད་དང་གྲོང་གསེབ་དར་རྒྱས་སྐོར་གྱི་གཏམ་རྒྱུད་བརྗོད་པ་སོགས་བྱས་པས་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

བདམས་ཐོན་པ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་རྒན་ཁྲེན་ཡུས་ཞང་གིས། ཐེངས་འདིའི་འགྲན་བསྡུར་ལ་ཞུཊ་པ་བརྒྱུད། ངས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གལ་ཆེའི་རང་བཞིན་རྟོཊ་བྱུང་། དེ་ནི་ང་ཚོའི་རྒྱུན་གཏན་འབྲེལ་གཏུག་གི་ལག་ཆ་ལྟ་བུ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། ངས་འབད་བརྩོན་བྱས་ནས་མི་དེ་བས་མང་བར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཐད་སྐུལ་མ་བྱས་ཏེ་མི་རིཊ་མཐུན་སྒྲིལ་དང་སྤྱི་ཚོཊ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཆེན་མོ་འགོ་ཚུགས་ཚུན། སྤྱི་ཚོགས་ཀུན་གྱིས་དོ་ཁུར་རྒྱ་ཁྱབ་ཏུ་བྱས་ཤིང་དང་ལེན་ཧུར་ཐག་ཞུས་ཡོད། ཐེངས་འདིའི་ལྷ་སའི་འགྲན་ཁུལ་གྱི་འགྲན་བསྡུར་ལའང་མང་ཚོགས་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་མང་པོ་ཞུགས་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་ཕྱིན་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་འཕེལ་ལ་སྔར་བས་སྐུལ་མ་ཐེབས་ཡོད། རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་དེ་དང་འདྲ་བའི་འགྲན་བསྡུར་གྱི་བྱེད་སྒོ་དེ་བས་མང་བ་སྤེལ་ཏེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། ཐུན་མོང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་སྤྱི་པའི་ཞབས་ཞུ་ཁོའོ་ཡི་འགན་འཁུར་བ་བདེ་གཡང་གིས། འགྲན་བསྡུར་གྱིས་སློབ་མ་དང་མང་ཚོགས་ཚོའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་ནས། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། སློབ་སྦྱོང་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱ་རྒྱུ་བཅས་ཀྱི་དམིགས་ཡུལ་གྲུབ་ཅིང་། ཀྲུང་ཧྭའི་རིག་གནས་ལ་གོ་བ་ལོན་ཚད་ཟབ་ཏུ་ཕྱིན་པར་མ་ཟད། འགྲན་ཞུགས་པར་སྦྱོང་བརྡར་ཡང་ངེས་ཅན་ཞིག་ཐོབ་ཡོད་ཅེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 6 6 拉萨日报藏文 c188439.html 1 རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཆེན་མོའི་ལྷ་སའི་འགྲན་ཁུལ་གྱིས་བསྐྱར་འགྲན་གྱི་བྱེད་སྒོ་སྤེལ་བ། /enpproperty-->