分享按钮

བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བ།

(པར་ངོས་དང་པོར་མཐུད)ང་ཚོས་ད་ལོ་ཁྱོན་ས་ཚིགས་9དང་འཕྲུལ་ཆས་80ལྷག་ཙམ་བཀོད་སྒྲིག་བྱས་ཏེ། དུད་ཚང་33དང་མི་གྲངས་284དུས་ཐོག་ཏུ་གནས་སྤོ་བྱས་ཡོད་ཅེས་བཤད།

སྙེ་མོ་རྫོང་གི“7·24”འདམ་རུད་ཀྱི་གེགས་སེལ་ལས་དོན་ནི་ལྷ་ས་གྲོང་ཁྱེར་གྱི་འབྲུབ་འགོག་གེགས་སེལ་ལས་དོན་ཁྲོད་ཀྱི་བསྡུས་རིས་ཤིག་ཡིན། མྱུར་སྐྱོབ་དང་གེགས་སེལ་གྱི་ལས་དོན་དེའི་ཁྲོད་དུ་རང་གྲོང་གི་སྒྲིག་འཛུགས་དང་སྐུལ་སློང་བྱེད་པའི་ནུས་པ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེན་པོ་མངོན་ཡོད། རྣམ་རྒྱལ་ཕུན་ཚོགས་ཀྱིས། ཟླ་7ཚེས་28ཉིན་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཡུལ་དངོས་སུ་བརྟག་ཞིབ་གཏིང་ཟབ་གནང་རྗེས། གེཊ་རྗེས་བསྐྱར་སྐྲུན་གྱི་འབྲེལ་ཡོད་བླང་བྱ་བཏོན་ཡོད། ཕྱིས་འབྱུང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་གྱི་དགོངས་དོན་དང་། དེ་བཞིན་སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ང་ཚོས་འབྲུབ་འགོག་ཐན་འགོག་གི་ཉེན་སེལ་གེགས་སེལ་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་ཆབས་ཅིག་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

འབྲུབ་ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་། རང་གྲོང་གི་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས། གཞོམ་ཞིག་མེད་པའི་འབྲུབ་འགོག་བདེ་འཇགས་ཀྱི་སྲུང་ཡོལ་ཞིག་བསྐྲུན་ཡོད། འབྲུབ་དུས་ཀྱི་སྔ་ནུབ་ཏུ། རང་གྲོང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་རིམ་ཁག་འབྲུབ་འགོག་ཐན་འགོག་གི་སྲིད་འཛིན་འགན་འཁྲིའི་མ་ལག་གནད་ལ་འཁེལ་པོས་ལེགས་སྒྲིག་བྱས་ཏེ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་། ལས་གནས་ཐོག་ཏུ་འཁྱོལ་བ། དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་འགན་ལེན་བྱས་ཡོད། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་། དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་བཅས་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་འབྲུབ་འགོག་གི་འགན་འཁྲི་སྔར་བས་ཏན་ཏིག་བསྒྲུབས་ཏེ། རང་སོ་སོའི་དོ་དམ་བྱ་ཡུལ་གྱི་ཁྱབ་ཁོངས་དང་དེ་བཞིན་ཁོངས་གཏོགས་ཁུལ་དུ་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ཆེན་པོ་དང་། གྲོས་མོལ་ཆེན་པོ། ཞིབ་དཔྱད་ཆེན་པོ་བཅས་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། ཉེན་ཁ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ། སྔ་ཙམ་ཐག་གཅོད་བཅས་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་ཡོད།

དེའི་རྨང་གཞིའི་ཐོག རང་གྲོང་གིས་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཞིབ་ཚགས་ཅན་དང་ནུས་ཆེ་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ཡོད། ནན་ཏན་གྱིས་འབྲུབ་འགོག་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་ལག་བསྟར་བྱས་པ་བརྒྱུད། འབྲུབ་འགོག་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་དེའི་ཚན་རིག་རང་བཞིན་དང་། ཉེར་སྤྱོད་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ཆེ་རུ་བཏང་ཡོད། དེ་བཞིན། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་ཟོག་དོ་དམ་མ་ལག་ལེགས་སུ་བཏང་ནས་འགག་རྩའི་དུས་སུ་གཏོང་ཐུབ་པ་དང་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། གཞན་ཡང་། འཕྲལ་སྡོམ་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆ་འཕྲིན་ཤར་གཏོང་ཐུབ་པར་བྱས་ཏེ་འཕྲལ་མར་ཁ་གཏད་ནུས་ལྡན་གཅོག་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་དང་ཡང་དག་ངང་མང་ཚོགས་ཚང་མར་བརྒྱུད་བསྒྲགས་ཐུབ་རྒྱུའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་གྲོང་གིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་གནོད་འཚེའི་ཆ་འཕྲིན་དཔུང་ཁག་དུས་ཐོག་ཏུ་གསར་བརྗེས་དང་ཁ་སྐོང་བྱས་ཤིང་གནོད་འཚེའི་ཆ་འཕྲིན་མི་སྣ་538ཡོད་པ་དང་། རིམ་རྩིས་བྱས་ན་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ལ་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་30དང་ས་གཤིས་གནོད་འཚེའི་ཉེན་ཁའི་སྔོན་ཚུད་ཉེན་བརྡ་50བཏང་བ་དང་། ཆ་འཕྲིན་1012བསྡུ་རུབ་དང་གོང་ཞུ་བྱས་པའི་ནང་གནོད་འཚེའི་ཆ་འཕྲིན་6ཡོད།

གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་གེགས་འགོག་གེཊ་སེལ་དང་དངོས་ཟོག་འགན་ལེན་ཁོའོ་ཡི་ཁོའོ་ཀྲང་བསོད་ནམས་ཡུམ་པས་གསར་འགོད་པར། ད་ལོའི་འབྲུབ་འགོག་དུས་བབ་ཀྱི་ཛ་དྲག་ལ་དམིཊ་ནས། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གེཊ་བར་མ་བྱུང་གོང་གི་སྔོན་འགོག་ལས་དོན་ཡག་པོ་བསྒྲུབས་ཏེ། བཀོད་སྒྲིག་དང་འཕྲལ་སྡོམ་དངོས་ཟོག་གི་གྲབས་གསོག་ལ་ཤུཊ་སྣོན་རྒྱག་པ་དང་། འཕྲལ་སྡོམ་སྔོན་ཇུས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་པའི་མྱུར་ཚད་མགྱོཊ་སུ་གཏོང་བ་བཅས་བྱས་པ། མི་སྣ་དུས་ཐོག་ཏུ་གནས་སྤོས་བྱས་ནས་ཉེན་གཡོལ་བྱེད་པ་སོཊ་ཀྱི་བྱ་ཐབས་སྤྱད་དེ། མི་ཤི་རྨས་བྱུང་མེད་པའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་པས། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ཕྱིས་འབྱུང་། ང་ཚོས་མུ་མཐུད་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་བརྡ། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བཅས་ལ་ཤུཊ་སྣོན་བརྒྱབ་སྟེ། ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན། དུས་མཚུངས་སུ་སྡེ་ཚན་ཁག་དང་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུཊ་སྣོན་བརྒྱབ་སྟེ། འབྲུབ་འགོག་གེགས་སེལ་གྱི་མཉམ་ཤུཊ་ཆེན་པོ་ཞིག་ཆཊ་པར་བྱས་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་བདེ་འཇགས་ངང་སྤེལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187663.html 1 བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བ། /enpproperty-->