分享按钮

དན་བག་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

(པར་ངོས་གཉིས་པར་མཐུད)གྲོང་མི་མང་ཚོགས་ཚོས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་བསྐྲུན་ནས་ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་སུ་ཁྱབ་པར་བྱས་པ་རེད།

དན་བག་སྡེ་ཁུལ་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཨུ་ཡོན་པདྨ་དབྱངས་ཅན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སྡེ་ཁུལ་དུ་ལས་དོན་སྤེལ་སྐབས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུཊ་དང་འཐབ་ནུས་ཆེ་རུ་གཏོང་བ་དང་།ཏང་གི་དར་ཆ་དེ་སྡེ་ཁུལ་དུ་མཐོན་པོར་སྒྲེང་བ། སྡེ་ཁུལ་གྱི་སྒྱུར་བཅོས་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གྲོང་མིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞི་རིམ་གྱིས་ལེཊ་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

སྒྲོག་འགྲེལ་བྱས་པ་བརྒྱུད། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གོ་བ་ལེན་ཚད་སྔར་བས་ཟབ་ཏུ་ཕྱིན་ཡོད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྡེ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

དན་བག་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་སྐལ་བཟང་རྡོ་རྗེས།དེ་རིང་སྒྲོག་འགྲེལ་ལ་ཉན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔར་བས་རྟོགས་བྱུང་། རྒན་ཡོལ་ཞུས་པའི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་ཏང་གི་བྱ་གཞག་ཆེད་མུ་མཐུད་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ལ་སྡེ་ཁུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་ཀྱང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187662.html 1 དན་བག་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ། /enpproperty-->