分享按钮

བློ་མཐུན་ཞི་ཅིན་ཕིང་གི《སློབ་གསོ་གླེང་བ》ཞེས་པའི་གསུང་རྩོམ་དཔེ་སྐྲུན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《སློབ་གསོ་གླེང་བ》ཞེས་པའི་དཔེ་ཆ་དེ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

གསུང་རྩོམ་ཆེད་བསྒྲིགས་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་ཟིན་བྲིས་གལ་ཆེན47བསྡུས་ཡོད་ཅིང་། དེའི་ཁྲོད་ཀྱི་ཟིན་བྲིས་ཁ་ཤས་ནི་ཐོག་མར་ཁྱབ་བསྒྲགས་བྱས་པ་ཞིག་ཡིན།

སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་བྱས་རྗེས་དེང་རབས་ལ་འཇོག་པ་དང་ཁེ་ཕན་བསྐལ་བརྒྱར་ཐོན་པའི་ཀུན་སྤྱོད་ཀྱི་བཟོ་འགོད་ཅིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩིས་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་ཀྱིས་སློབ་གསོ་དེང་རབས་ཅན་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187649.html 1 བློ་མཐུན་ཞི་ཅིན་ཕིང་གི《སློབ་གསོ་གླེང་བ》ཞེས་པའི་གསུང་རྩོམ་དཔེ་སྐྲུན་བྱས་པ། /enpproperty-->