ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་ནུས་ལྡན་ངང་ཆུང་དུ་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི་དང་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། སྐབས་བཞི་པའི“ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སྤུས་ཚད་བྱ་དགའི”ཞིབ་དཔྱད་གཏན་འཁེལ་བྱས་འབྲས་དང་། བར་མཐོངས་ཆུང་གྲས་བཅོས་སྒྲིག་དང་མཐོར་གཏོང་ལས་དོན། པུར་འཇུག་དོ་དམ་བྱ་ཐབས་སོགས་ཀྱི་དོན་ཚན་ལ་ཡང་ཞིབ་འཇུག་གཏིང་ཟབ་བྱས་པ་རེད།
ཚོགས་འདུའི་ཐོག ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བའི་འགག་རྩ་ཞིག་ཡིན་པ་དང་།ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་གལ་འགངས་ཆེ་བའི་ནུས་པ་ཐོན་ཐུབ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社