分享按钮

སུའུ་ཀྲོའུ་ཡིས་ལོ་ངོ་30ཡི་རིང་བོད་སྐྱོར་གྱི་ལས་ལ་འབད་པས་གཞོལ་བས་ལྷུན་གྲུབ་རྫོང་གི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཡག་པོ་བྱུང་བ།

ལེ་དབར་སྟོང་གིས་ཆོད་ཀྱང་ལྷད་མེད་ཀྱི་བརྩེ་བ་ས་མཐོར་བཅངས། ལོ་ངོ་སུམ་ཅུའི་རིང་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་མུ་མཐུད་ནས་བོད་སྐྱོར་ལས་དོན་སྤེལ་བས་ཐོན་ལས་དང་། སྨན་བཅོས། སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་ནང་ལྷུན་གྲུབ་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བོད་སྐྱོར་ལས་བྱེད་པ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་ཁུར་དུ་བླངས་ཏེ་ལྷུན་གྲུབ་རྫོང་གི་ལས་བྱེད་མང་ཚོགས་དང་ཐུན་མོང་ཐོག་འབད་འཐབ་བྱས་ནས་བརྗིད་ཆགས་ཡིད་དུ་འོང་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།

གསར་འགོད་པ་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་དུ་སྐྱོད་སྐབས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་པོ་ཡོད་པ་མཐོང་བྱུང་། རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་། སྔོན་ཐོན་གྱི་ཚན་ཞིབ་སློབ་ཁྲིད་ཀྱི་སྒྲིག་ཆས། ཕུན་སུམ་ཚོགས་པའི་དཔེ་དེབ་ཀྱི་ཐོན་ཁུངས་བཅས་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། ལོ་མང་རིང་སུའུ་ཀྲོའུ་ཡི་བོད་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་1500བཏང་ནས་སུའུ་ཀྲོའུ་སློབ་ཆུང་གི་རྨང་གཞིའི་སྒྲིག་བཀོད་ཁག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། དེ་ཡང་རྐང་འཛིན་དགེ་རྒན་གསོ་སྦྱོང་དང་། སློབ་ཁྲིད། དབྱར་གསེང་དང་དགུན་གསེང་གི་སྒར་ས་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་གྲྭ་དེ་མཁྲེགས་ཆས་ནས་མཉེན་ཆས་སོགས་ཕྱོགས་ཚང་མར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། 1998ལོའི་སུའུ་ཀྲོའུ་སློབ་ཆུང་གི་སློབ་མ་121དང་དགེ་རྒན་16ནས་ད་ཆའི་སློབ་མ་1436དང་དགེ་རྒན་98བར་མང་དུ་ཕྱིན་ནས་ལྷུན་གྲུབ་རྫོང་གི་སློབ་གསོའི་ཐད་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

སུའུ་ཀྲོའུ་སློབ་ཆུང་གི་སློབ་སྤྱི་ཚེ་རིང་བཀྲ་ཤིས་ཀྱིས་ང་ཚོས་ལོ་ལྟར་ད་དུང་སློབ་མ་དང་དགེ་རྒན་བཀོད་སྒྲིག་བྱས་ནས་སུའུ་ཀྲོའུ་གྲོང་ཁྱེར་དུ་དབྱར་སྒར་སྣ་ཚོགས་ཀྱི་བྱེད་སྒོ་དང་།དེ་བཞིན་དགེ་རྒན་གྱི་ནུས་པ་མཐོར་གཏོང་གི་གསོ་སྦྱོང་ནང་ཞུགས་ཀྱི་ཡོད། སུའུ་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་རོགས་སྐྱོར་འོག་ང་ཚོའི་སློབ་གྲྭར་སློབ་ཁྲིད་སྒྲིག་ཆས་དང་དེ་བཞིན་སློབ་གསོ་སློབ་ཁྲིད་ཐོན་ཁུངས་སོགས་ཀྱི་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་བཤད།

2007ལོ་ནས་བཟུང་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཚོགས་ཆུང་ཁག་17བསྟུད་མར་ལྷུན་གྲུབ་རྫོང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་པ་རེད།རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7486བཏང་བ་དང་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་13རོགས་སྐྲུན་བྱས་ཡོད།མ་དངུལ་དང་སྒྲིག་ཆས་ཞལ་འདེབས་བརྒྱབ་པར་སྒོར་ཁྲི་112ལས་བརྒལ་ནས་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་འདི་ཉིད་ཁ་པ་རིམ་པ་གཉིས་པའི་སྨན་ཁང་དུ་གཏོད་རྒྱུར་རོཊ་རམ་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187646.html 1 སུའུ་ཀྲོའུ་ཡིས་ལོ་ངོ་30ཡི་རིང་བོད་སྐྱོར་གྱི་ལས་ལ་འབད་པས་གཞོལ་བས་ལྷུན་གྲུབ་རྫོང་གི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཡག་པོ་བྱུང་བ། /enpproperty-->