分享按钮

རང་ལྗོངས་ཀྱིས་ཁྲིམས་ཁང་གིས“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞི”ལ་ཞབས་འདེགས་ཞུ་བ་དང་ཁྲིམས་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞི”ལ་ཞབས་འདེགས་ཞུ་ཚུལ་དང་ཁྲིམས་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་ངོ་སྤྲོད་བྱས་པར་མ་ཟད། གསར་འགོད་པའི་དྲི་བར་ཡང་ལན་བཏབ་པ་རེད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཡོན་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་བཅས་ཡིན་པའི་ཀྲའོ་ཡུས་ཡན་གྱིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི“དོན་ཆེན་བཞིར”དམིགས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་ཀའི་དཔེ་སྟོན་ཁུལ་བཅས་གཏོད་པར་ཞབས་འདེགས་ཞུ་ཚུལ་ངོ་སྤྲོད་བྱས་པ་རེད།

ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་བཏོན་པའི“ཁྱོན་ཡོངས་གཅིག་ལ་དམིགས་ཏེ་མཐོར་འདེགས་ཀྱི་དོན་ཚན་བརྒྱད་མངོན་འགྱུར་བྱེད་པའི”ལས་ཀའི་གཙོ་གནད་ལ་དམིགས་ནས་ཧུར་བརྩོན་ཆེན་པོས་རང་འགུལ་ངང་འགན་ཁུར་ཏེ། ཁྲིམས་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་ཁྲིམས་འཛིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་ཁག་གི་གྱོད་གཞི་54702བདག་སྤྲོད་བྱས་པས་དུས་མཚུངས་ལས་བརྒྱ་ཆ་15.41འཕར་བ་དང་། གྱོད་ཐག་གཅོད་པའི་དུས་ཚོད་ནང་གྱོད་ཐག་བཅད་ཚད་བརྒྱ་ཆ་99.75ཟིན་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱིའི་དཔྱད་གཞིའི་ཁྱབ་ཁོངས་ཀྱི་གྲངས་ཐང་བཟོས་པའི་དམིཊ་ཚད་ཁག་20ཡི་ནང་ནས་དམིཊ་ཚད་ཁག་13ལུགས་མཐུན་གྱི་ཁྱབ་ཁོངས་ལས་ལེཊ་པ་བྱུང་བའམ་ལུཊ་མཐུན་གྱི་ཁྱབ་ཁོངས་སུ་གནས་པས། དེས་བརྒྱ་ཆ་65བཟུང་ཡོད། གྲུབ་འབྲས་དེས་ཁྲིམས་ཁང་ཁོངས་གཏོཊ་ཀྱིས་འདྲི་གཅོད་དོ་དམ་དང་། གྱོད་ཐག་གཅོད་ཚད། ཁྲིམས་འཛིན་ལས་ཕྱོད་སོགས་ཁྱོན་ཡོངས་ནས་ལེཊ་སུ་ཕྱིན་པ་མཚོན་པར་མ་ཟད། “གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞིའི”དམིཊ་ཚད་མངོན་འགྱུར་བྱེད་པར་སྤུས་ལེཊ་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུ་བསྒྲུབས་པའང་མཚོན་ཐུབ། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187490.html 1 རང་ལྗོངས་ཀྱིས་ཁྲིམས་ཁང་གིས“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞི”ལ་ཞབས་འདེགས་ཞུ་བ་དང་ཁྲིམས་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->