分享按钮

བྱ་བ་ཆུང་ཙག་ལས་བརྩེ་བ་ཟབ་མོ་མངོན།

ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་ལ་གྲོང་མིའི་རེ་ཞུ་འབྱོར་ཞིང་། ཆབ་ལུང་སྒོ་རའི་ནང་གི་སྤྱི་པའི་གསང་སྤྱོད་ཀྱི་ཆུ་སྦུག་ལ་གས་ཆག་ཤོར་བ་དང་ཆུ་གཞོང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་སོགས་ཀྱི་གནས་ཚུལ་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ཉམས་བཟོ་བྱ་རྒྱུའི་རེ་བ་ཞུས་ཡོད།

བསྟན་རྒྱས་གླིང་སྡེ་ཁུལ་གྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམིགས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད། མིག་སྔར་ཆབ་ལུང་སྒོ་ར་ཆེན་པོའི་སྤྱི་པའི་གསང་སྤྱོད་དང་གཙང་འཁྲུད་སྟེགས་བུ་སོགས་ཉམས་བཟོ་བྱས་ཟིན་པས་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187489.html 1 བྱ་བ་ཆུང་ཙག་ལས་བརྩེ་བ་ཟབ་མོ་མངོན། /enpproperty-->