(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས། པུ་རུན་ཏི་ཕྱོགས་ཀྱིས་ཕྱིའི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་དང་རང་ཚུགས་རང་བདག་གི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། པུ་རུན་ཏི་ཕྱོགས་དང་མཉམ་དུ་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་སྤེལ་རེས་དང་ནུས་པ་འཛུགས་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་འདོད་ཡོད། པུ་རུན་ཏི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་79པའི་ཨུ་ཡོན་ལྷན་ཁང་གསུམ་པའི་ཀྲུའུ་ཞིའི་རྒྱལ་ཁབ་ལ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨེན་ཏ་དབྱི་ཧྲི་སྨི་ཡེས། ང་ན་ནིང་ཀྲུང་གོར་ཡོང་ནས་ཁྲེང་ཏུའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་བྱུང་བས་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང་། མཛེས་སྡུག་ལྡན་པའི་ཀྲུང་གོར་སླར་ཡང་འཚམས་འདྲིར་སླེབས་པར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། པུ་རུན་ཏི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུར”རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སོགས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་བསྔགས་བརྗོད་ཞུ་བཞིནཡིན། པུ་ཀྲུང་གི་འབྲེལ་བ་ནི་ཐུན་མོང་གི་རིན་ཐང་དང་ལྟ་བ་ལ་བརྟེན་པ་ཞིག་ཡིན། ཀྲུང་གོ་དང་འདྲ་བར་པུ་རུན་ཏིའི་སྲིད་གཞུང་གིས་ཀྱང་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྤྲོད་རྒྱུར་གཞོལ་གྱི་ཡོད་ལ། ཀྲུང་གོའི་རྒྱབ་སྐྱོར་དང་མཉམ་ལས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པུ་རུན་ཏིར་མ་འཇོག་བྱེད་པར་ཡོང་ནས་གཏེར་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པུ་རུན་ཏི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
དབུ་ཚོགས་རིང་། ཀྲུང་པུ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་། དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ། ཞིང་ལས་མཉམ་ལས། ཀོག་ཧྥེའི་སྲན་མ་ཀྲུང་གོར་འདྲེན་པ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད།
ཝང་དབྱི་མཇལ་འཕྲད་ལ་ཞུགས་པ་རེད།
ཞི་ཅིན་ཕིང་གིས་ལི་པེ་རི་ཡའི་སྲིད་འཛིན་པོ་ཨ་ཁའེ་དང་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཉིན་གུང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོཊ་ཁང་ཆེན་མོར།ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེཊ་ཀྱི་པེ་ཅིང་དབུ་ཚོཊ་སུ་ཞུཊ་པར་ཕེབས་པའི་ལི་པེ་རི་ཡའི་སྲིད་འཛིན་པོ་ཨ་ཁའེ་དང་མཇལ་འཕྲད་གནང་ཞིང་།རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ལི་པེ་རི་ཡའི་འབྲེལ་བ་དེ་འཐབ་ཇུས་རོཊ་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུ་ཁྱབ་བསྒྲཊ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལི་པེ་རི་ཡའི་འབྲེལ་བ་མཛའ་གྲོགས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ལི་པེ་རི་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་ཐོག་ཨའེ་པོ་ལ་དང་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཁྲོད་ལྷག་བསམ་ཟོལ་མེད་ངང་མཉམ་ལས་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བར་ཇེ་ཡག་ཏུ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག ད་ཐེངས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་སྲིད་འཛིན་པོ་ཨ་ཁའེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་སྲུང་རྒྱུ་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། ལི་པེ་རི་ཡ་ཕྱོགས་དང་སྤེལ་རེས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་པས་གང་ལྕོགས་ཀྱིས་རྒྱབ་སྐྱོར་བྱས་ནས་མཚོ་ཐོག་སྐྱེལ་འདྲེན་དང་། ཞིང་ལས། ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་དང་ལི་པེ་རི་ཡ་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་ཡིན་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐུན་མོང་ཐོག་དྲང་གཞག་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
པོ་ཨ་ཁའེ་ཡིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལི་པེ་རི་ཡ་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་མཉམ་ལས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། འཕྲོད་བསྟེན། སློབ་གསོ་སོགས་ཕྱོགས་མང་པོའི་ཐད་ནས་ལི་པེ་རི་ཡའི་མི་དམངས་ཀྱི་འཚོ་བ་ལེགས་སུ་བཏང་ཡོད། ཀྲུང་གོ་ནི་ལི་པེ་རི་ཡའི་གྲོགས་པོ་བཟང་པོ་ཡིན། ངས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུར་ལི་པེ་རི་ཡ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་རྒྱུ་ཡིན། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ལི་པེ་རི་ཡ་འདི་ཉིད་ཀྱང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
དབུ་ཚོགས་རིང་། ཀྲུང་གོ་དང་ལི་པེ་རི་ཡ་ཕྱོགས་གཉིས་པོས་མཚོ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས་པ་རེད།
ཞི་ཅིན་ཕིང་གིས་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུར་ཧན་དང་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར།ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུར་ཧན་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སུའུ་ཏན་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་ཞིག་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་གཅེས་སྤྲས་དང་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། སུའུ་ལན་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་ཧུར་ཐག་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་སུའུ་ཏན་གྱི་དུས་བབ་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་དང་། སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བདག མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ནས་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སུའུ་ཏན་གྱིས་ཞི་བདེ་དང་བརྟན་ལྷིང་གང་མགྱོགས་སླར་གསོ་བྱས་ཏེ། འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱར་དུ་ལོག་ནས་མི་དམངས་རྣམས་སྐྱིད་པའི་འཚོ་བར་རོལ་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་གང་ས་ནས་སུའུ་ཏན་གྱི་གྲོགས་པོ་ཚོར་དྲང་བདེན་གྱི་བྱ་བ་མུ་མཐུད་བསྒྲུབས་ནས། སུའུ་ཏན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་བརྩོན་ལེན་བྱ་རྒྱུ་ཡིན།
པུར་ཧན་གྱིས་གསུངས་དོན། སུའུ་ཏན་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་མཛའ་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་གང་ས་ནས་སུའུ་ཏན་གྱི་རང་བདག་བདག་དབང་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོས་སུའུ་ཏན་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འབོར་ཆེན་བྱས་ནས་སུའུ་ཏན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐད་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སུའུ་ཏན་མི་དམངས་ཀྱིས་ཀྲུང་གོར་དགའ་ཞེན་དང་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད། སུའུ་ཏན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སུའུ་ཏན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག་ཁྱབ་བསྒྲགས་གནང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། དེས་སུའུ་ཏན་དམག་འཁྲུག་གི་སྡུག་བསྔལ་ལས་ཐར་ཏེ་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་ཐུབ་རྒྱུར་ཕན་པ་ཆེན་པོ་ཐོབ་རྒྱུའི་ཡིད་ཆེས་ཡོད། སུའུ་ཏན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས་པ་རེད།
(ཨོ་རྒྱན་ཚེ་རིང་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社