分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་གྲོང་གི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་འཇུག་བྱས་པ་རེད། ཁོང་གིས་ནན་གསུངས་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་འཚོ་བའི་རེ་སྒུག་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཞན་ཆ་དང་། དྲག་ཞན་རྣམ་གྲངས། སྤུས་ཚད་མཐོར་གཏོང་བཅས་ལ་དམིགས་པ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྔར་བས་སྐྱིད་སྣང་དོད་པ་དང་། སྔར་བས་འཚོ་སྡོད་དང་འཚམ་པ། སྔར་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་འཚོ་བ་དང་ལས་ཀའི་ཁོར་ཡུག་ཧུར་ཐག་གཏོད་དགོས།

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ཀྲང་ཧུང་པིན་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ལི་ཅང་ཞིན། ཀྲང་ཁྲུན་དབྱང་། བློ་གསལ། ཀའོ་ཅུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ནི་རྙོག་འཛིང་ཆེ་བའི་མ་ལག་ལས་གྲྭ་ཞིག་ཡིན་པས་འབྲེལ་ཡོད་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས། འཆར་འགོད་ཀྱི་སྣེ་ཁྲིད་ལ་སྣང་ཆེན་བཅས་བྱས་ཏེ། ཕར་ཕྱིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།

དེ་ཡང་ཇུས་གཞི་སླར་ཡང་ལེགས་སུ་གཏོང་དགོས་ཤིང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་དང་། བདེ་འཇགས་དང་། དངོས་སྤྱོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-01 6 6 拉萨日报藏文 c187538.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->