ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ཚུལ་འབྱོར་གསལ།ཟླ་8ཚེས་29ནས་ཚེས་30ཉིན་བར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་དབན་ཧྲུན་ཚན་རྩལ་ཐོན་ལས་ཚོགས་པ་དང་།ཀུའེ་ཀུའེ་སྤྲིན་རྩིས(པེ་ཅིང)ཚན་རྩལ་ཚད་ཡོད་ཀུང་སི།ཧའོ་མོ་ཀྲི་ཞིན་ཚན་རྩལ་ཚད་ཡོད་ཀུང་སི།ཀྲུང་གོ་མཁའ་འགྲུལ་བཟོ་ལས་ནུས་རྒྱུ་གསར་པའི་མ་འཇོག་ཚད་ཡོད་ཀུང་སི་ཀོང་ཤིས་ཡན་ལག་ཀུང་སི་བཅས་བོད་དུ་རྟོག་ཞིབ་ལ་ཕེབས་པའི་ཁེ་ལས་ཀྱི་འཐུས་མི་དང་བཅས་པར་བཞུགས་མོལ་གནང་བ་དང་།ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཝང་ཆང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བོད་དུ་རྟོག་ཞིབ་ལ་ཕེབས་པའི་ཁེ་ལས་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社