分享按钮

ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ།

རྒྱུན་དུ་མཉམ་འདྲེས་དང་རྟག་ཏུ་དམ་འཛིན་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས་པའི་ནན་གསུངས་གནང་བ།

ཚའེ་ཆིས་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ལི་ཞི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་ལེགས་པོ་ཐོབ་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ།རྒྱུན་གཏན་དུ་འདྲེས་པ་དང་རྟག་ཏུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་རྒྱུན་མཐུད་ངང་བསྒྱུར་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཇུག་སྒྲིལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་།རྒྱུན་གཏན་རང་བཞིན་དང་གཅིག་བསྡུས་རང་བཞིན་ཟུང་འབྲེལ་བྱེད་པའི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་བཙུགས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་འགན་སྲུང་ལ་སྐུལ་མ་གཏོང་བའི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས།རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་གཙང་སེལ་ཤུགས་ཆེན་བྱས་ཏེ།འཕར་ཚད་བཀག་འགོག་དང་གསོག་ཚད་གཙང་སེལ་སྔར་ལས་ནུས་ལྡན་བྱེད་དགོས།ཏང་ཡོན་དང་ལས་བྱེད་པས་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཧུར་བརྩོན་གྱིས་ལས་ཀ་བྱེད་པ་དང་།བློ་བག་ཡངས་པོས་ལས་ཀ་བྱེད་པ།བློ་རྩ་བརྟན་པོས་ཡར་བརྩོན་བྱེད་པ།ཧུར་བརྩོན་ཆེན་པོས་ལས་དོན་བསྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།

ཚེས་30ཉིན་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་།《ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕྱོགས་བསྡོམས་བྱས་པ་རེད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-01 ཚའེ་ཆིས་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ལི་ཞི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། 6 6 拉萨日报藏文 c187539.html 1 རྒྱུན་དུ་མཉམ་འདྲེས་དང་རྟག་ཏུ་དམ་འཛིན་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས་པའི་ནན་གསུངས་གནང་བ། /enpproperty-->