(པར་ངོས་དང་པོར་མཐུད)ད་ཐེངས་ཀྱི་གོར་ལྷའི་སྣུམ་འདྲེན་མདོང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་གྱི་རྩོམ་པ་པོ་ཅང་སུའུ་ཧོའེ་ཨན་གྱི་ཐེམ་ཁོངས་ཡིན་པའི་པར་ལེན་མཁས་ཅན་བློ་མཐུན་ཏའེ་ཅི་མིང་ནི་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བའི་འཕེལ་རྒྱས་ཡར་ཐོན་ནང་ཞུགས་ཤིང་། དཔང་པོ་བྱེད་མཁན།ཟིན་ཐོར་འགོད་མཁན་བཅས་ཅང་སུའུ་བ་མང་པོ་ཞིག་གི་འཐུས་མི་ཞིག་རེད། གོར་ལྷའི་སྣུམ་འདྲེན་མདོང་ལམ་གྱི་ལོ་བཞིའི་འཛུགས་སྐྲུན་རིང་།བློ་མཐུན་ཏའེ་ཅི་མིང་གིས་དཔུང་སྡེའི་གསར་འགྱུར་པར་ལེན་པ་ཡིན་པའི་ངོས་ནས་དཔུང་སྡེའི་རྗེས་སུ་འབྲངས་ཏེ་གཟི་བརྗིད་ཆེ་བའི་ལས་གཞི་དེའི་འཛུགས་སྐྲུན་གྱི་གནས་ཚུལ་རེ་རེ་བཞིན་ཐོ་འགོད་བྱས་ཤིང་། རྩ་ཆེའི་ལོ་རྒྱུས་ཀྱི་འདྲ་པར་སྟོང་ཕྲག་ཁ་ཤས་ཉར་ཏེ།ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱེད་ཚུལ་དང་།མི་དམངས་བཅིངས་འགྲོལ་དམག་དང་ས་གནས་ལས་བྱེད་མང་ཚོགས་དབར་གྱི་ཉ་ཆུའི་ལྟ་བའིུ་བརྩེ་སེམས་མཚོན་ཡོད། ལྷ་སར་རླབས་ཆེན་གྱི་ལས་གཞི་འདི་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་འགྲེམས་སྟོན་བྱས་པ་དེ་ནི། གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་བཅས་ཡིན་ལ།དེ་ནི་སྤྱི་ཁྱབ་ཧྲའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ལག་ལེན་དངོས་ཀྱང་ཡིན། ལྷ་སའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་དང་། མེས་རྒྱལ་ལ་དགའ་ཞེན། ལས་སྒྲུབ་ལས་གཏོད་བཅས་ཀྱི་བསམ་པའི་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་ལ། ལྷ་ས་དང་ཅང་སུའུ་ཡི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩེ་དུང་སྔར་བས་ཆེ་རུ་འགྲོ་བར་ཕན་ཐོགས་ཀྱང་ཡོད་པས། “ཁྱིམ་ཚང་གཅིག་ལྟར་གྱི་སུའུ་ལྷ་ཡི་བརྩེ་བར”ནང་དོན་གསར་པ་བསྣན་ཡོད་ཅེས་གསུངས་ཡོད།
ཁྲེན་ཅིང་གིས་སླད་ཕྱིན་ང་ཚོས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ལ་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བྱེད་པ་བཅས་ཀྱི་སྒོ་ནས་ཅང་སུའུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ།འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ཚ་རླབས་སྔར་བས་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་སྐྱིད་སྡུག་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་མཚོན་པའི་རིག་རྩལ་རིག་གནས་རྩེ་གྲ་གཏོད་པ་དང་། སྤེལ་རེས་སྟེགས་བུ་དེ་བས་མང་བ་ཇུས་འགོད་དང་བསྐྲུན་པ། སུའུ་ལྷ་ས་གནས་གཉིས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ།ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པ་སྔར་བས་ཉེ་རུ་དང་བརྩེ་བ་སྔར་བས་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
མཛད་སྒོའི་ཐོག་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་ཤིས་ཚིག་གསུངས་པ་དང་། པར་རིས་འགྲེམས་སྟོན་གྱི་རྩོམ་པ་པོས་རང་ཉིད་ཀྱི་མྱོང་ཚོར་བརྗོད་པ་རེད། མཇུག་ཏུ་མཛད་སྒོར་ཞུགས་མཁན་འགོ་ཁྲིད་དང་སྐུ་མགྲོན་གྱིས་འགྲེམས་ཁུལ་ལ་ལྟ་སྐོར་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社