(པར་ངོས་གཉིས་པར་མཐུད)རང་གྲོང་གིས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་གཏོང་བར་ཁ་ཕྱོཊ་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་བསྟན་སོང་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ངག་དབང་བློ་བཟང་གིས་སྒྲོག་འགྲེལ་སྙན་ཞུར་ཉན་རྗེས་ང་ལ་བློ་སྐྱེད་ཆེན་པོ་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་ཐད་ནས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ང་ཚོས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཁག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་།གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་བཏང་སྟེ།སྤྱི་ཚོཊ་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུཊ་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ལི་པེ་པེ་ཡིས།ད་ཐེངས་ཀྱི་ཆེད་དོན་ཟུར་ཁྲིད་བྱས་པ་བརྒྱུད། ངས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྔར་བས་ཤེས་བྱུང་། སླད་ཕྱིན་ཝ་པ་གླིང་སྡེ་ཁུལ་གྱིས་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མུ་མཐུད་སྒྲོག་འགྲེལ་ཡག་པོ་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྡེ་ཁུལ་གྱི་གཟི་བརྗིད་མཚན་སྙན་ལ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་།ལྗོངས་ཡོངས་ཀྱི་འཛུཊ་གཏོད་བཞིའི་ལས་དོན་ཁྲོད་གཞི་རིམ་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
སྙན་ཞུའི་ཚོགས་འདུ་དེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཡིས་གཙོ་སྐྱོང་གནང་ཞིང་།གྲོང་ཁྱེར་ཐད་གཏོཊ་ལས་ཁུངས་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁྲེང་ཀོན་ཆུས་ཀྱི་རྫོང་རིམ་པའི་ལས་བྱེད་པ་སོཊ་མི་300ལྷག་ཙམ་ཞུགས་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社