分享按钮

ནོར་སྟོད་སྡེ་ཁུལ་གྱིས་སློབ་ཆེན་སློབ་མའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8་ཚེས་28ཉིན། ནོར་སྟོད་སྡེ་ཁུལ་གྱིས་སློབ་ཆེན་ཐོན་པའི་སློབ་མའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་སྤྱོད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་གསར་པ་གཉིས་ལ་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། གཅེས་སེམས་ཁེ་ལས་མཁས་ཅན་བོད་ལྗོངས་ཅི་ཏ་ཟོག་འགྲེམས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ངག་དབང་རྡོ་རྗེས་སློབ་མ་གཉིས་ལ་མི་རེར་སྒོར་6500ཡི་སློབ་སྐྱོར་རོགས་དངུལ་སྤྲད་དེ་ཁོང་ཚོར་སློབ་ཆེན་ནང་སློབ་སྦྱོང་ཡག་པོ་བྱས་ནས་འབྱུང་འགྱུར་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་རྒྱུའི་སྐུལ་ལྕག་བྱས་པ་རེད། ངག་དབང་རྡོ་རྗེས་ལོ་ལྟར་སྒོར་6500ལས་མི་ཉུང་བའི་ཚད་གཞིའི་ཐོག་ནས་སློབ་མ་དེ་གཉིས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ལ། ཁོང་གཉིས་སློབ་གྲྭ་མ་ཐོན་བར་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན།དེ་ནི་དུས་ཐོག་ཆར་པ་འབབ་པ་དང་འདྲ་བར་ཁོ་གཉིས་ཀྱི་སེམས་ཀྱི་ཞིང་ས་བརླན་པར་བྱས་ཡོད་ཅེས་བཤད།

སློབ་མ་བསྟན་འཛིན་ནོར་བུས་ད་རེས་རྒན་ངག་དབང་རྡོ་རྗེ་ལགས་ཀྱི་ཐུགས་ཁུར་དང་རོཊ་སྐྱོར་ཐོབ་པས་སེམས་ནང་དགའ་པོ་བྱུང་ལ་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སློབ་ཆེན་འགྲིམས་རྗེས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་སྤྱི་ཚོཊ་ལ་དྲིན་ལན་འཇལ་རྒྱུའི་ཁས་ལེན་བྱེད་ཀྱི་ཡིན་ཞེས་བཤད།

བྱེད་སྒོའི་མཇུག་ཏུ། ནོར་སྟོད་སྡེ་ཁུལ་གྱིས་བོད་ལྗོངས་ཅི་ཏ་ཟོག་འགྲེམས་ཚད་ཡོད་ཀུང་སིར་གཅེས་སེམས་ཁེ་ལས་ཀྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་དང་། ཁེ་ལས་དེས་སློབ་གསོའི་བྱ་གཞག་དང་སྤྱི་ཕན་བྱ་གཞག་ཁྲོད་ལེཊ་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད། ནོར་སྟོད་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་ཕུཊ་འདུན་མངོན་འགྱུར་བྱེད་པའི་བྱ་སྤྱོད་ནི་སྡེ་ཁུལ་གྱིས་ངས་མང་ཚོཊ་ལ་བྱ་བ་དངོས་སྒྲུབ་ཅེས་པའི་བྱེད་སྒོ་ལག་ལེན་བསྟར་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། འབྱུང་འགྱུར་སྡེ་ཁུལ་གྱིས་ཏང་དང་མང་ཚོགས་དབར་གྱི་འབྲེལ་གཏུགས་ཚོགས་པའི་སྒྲོག་ཐག་ལྟ་བུའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། གཅེས་སེམས་ཁེ་ལས་དེ་བས་མང་བ་དང་གྲོང་མི་མང་ཚོཊ་དབར་གྱི་འབྲེལ་ཟམ་བསྐྲུན་ནས་དེ་བས་མང་བའི་རོགས་རམ་བྱེད་དགོས་པའི་སློབ་མར་ཕུཊ་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་དང་སྟེཊ་བུ་མཁོ་འདོན་བྱ་རྒྱུ་ཡིན། དུས་མཚུངས་སུ་སྡེ་ཁུལ་གྱིས་ཀྱང་དེ་བས་མང་བའི་ཐབས་ལམ་དང་བྱ་ཐབས་མུ་མཐུད་འཚོལ་ཞིབ་བྱས་ཏེ་སློབ་གསོར་མཐོང་ཆེན་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་པ་གསོ་སྐྱོང་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་ཐུན་མོང་ཐོག་འཆམ་མཐུན་སྤྱི་ཚོཊ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187533.html 1 ནོར་སྟོད་སྡེ་ཁུལ་གྱིས་སློབ་ཆེན་སློབ་མའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་སྤྱོད་སྤེལ་བ། /enpproperty-->