分享按钮

(པར་ངོས་དང་པོར་མཐུད)མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གཅིག་ཕན་གཅིག་རོགས་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ཏེ། ནུས་ཤུགས་ཡོད་རྒུས་ལུས་རྩལ་འགྲན་བསྡུར་གྱི་སྤུས་རྟགས་ཆེ་རུ་གཏོང་དགོས།

དུས་རབས་གསར་པའི་དང་བླངས་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གཡུལ་སའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་གྲོང་གི་དང་བླངས་ཞབས་ཞུའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཀྲུའུ་ཞི་ཝང་ཧུའུ་ཉིང་སྐུ་ངོ་མས་བོད་ལྗོངས་སུ་བརྟག་ཞིབ་དང་། འཚམས་འདྲི། གནས་ཚུལ་ཤེས་རྟོགས་བཅས་གནང་སྟེ། ཆེད་མངགས་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཐུགས་ཁུར་གཟབ་བཞེས་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་ཟབ་མོ་གནང་ལུགས་གང་ལེགས་མཚོན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་གཞི་གཅིག་ཏུ་སློབ་སྦྱོང་དང་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་རྣམས་སྙིང་ཉེ་བའི་མིར་བརྩིས་ནས་རྒྱུན་གཏན་འཚོ་བའི་དགོས་མཁོར་འགན་ལེན་ཡག་པོ་བྱེད་དགོས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་རྩ་ཆེའི་རྒྱུ་ནོར་ལྟ་བུར་བརྩིས་ནས་ཁོང་ཚོར་ཁུར་པོ་དང་ལས་འགན་སྤྲོད་དགོས་པར་མ་ཟད། ལས་ཀ་བློ་ཁོག་ཆེན་པོས་བསྒྲུབ་རྒྱུར་སྐུལ་ལྕག་བྱས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་ཤོས་ཐད་སློབ་སྦྱོང་ནན་ཏན་བྱས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་དོན་འཁྱོལ་གནད་ལ་འཁེལ་བར་བྱེད་དགོས་པ་དང་། དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། དཔལ་འབྱོར་ཐད་ཀྱི་ཆེས་ལས་མཁས་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་ལྡན་པའི་ལས་ཀར་བརྩིས་ནས་དམ་འཛིན་བྱས་ཏེ། ལས་ཀའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ལས་ཀའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་མགྱོགས་མྱུར་གཏོད་དགོས་པ། ཚོང་རར་ཞུགས་འཐུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚོང་རར་ཞུགས་འཐུས་དང་འཚམ་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་དང་། ཁེ་ལས་ཀྱིས་རང་རྟོགས། ལས་རིགས་ཀྱིས་རང་གཅུན། སྤྱི་ཚོགས་ཀྱིས་ལྟ་སྐུལ་དོ་དམ་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་པ། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ལ་བརྟེན་ནས། གྲངས་འཛིན་ཚོང་དོན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་གི་ནུས་པ་གསར་པ་མགྱོགས་མྱུར་གཏོད་དགོས་པ། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་རྒྱུ་གོ་སྐབས་སུ་བཟུང་སྟེ། ཟོག་འགྲེམས་མ་ལག་འཐུས་ཚང་དུ་གཏོང་བ་དང་ལས་རིགས་གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་བཏང་ཐོག་ས་ཁོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གསར་པ་དང་བླང་བྱ་གསར་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། ཕྱོགས་བསྡུས་དཔྱད་ཞིབ། བྱེད་སྒོ་གྲ་སྒྲིག་སོགས་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས། དུས་ཚིགས་གསུམ་པར་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་འདུའི་ཐོག ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187525.html 1 /enpproperty-->