(པར་ངོས་དང་པོར་མཐུད)བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་གྱིས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་ཆེད།ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོ་ལ་ཕན་པ།ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་དོན་ཚན་8དོན་འཁྱོལ་ཧུར་ཐག་བྱས་པ་དང་།དུས་མཚུངས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་གླིང་ཁུལ་གྱི་འཛད་སྤྱོད་བྱེད་སྒོར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།མིག་སྔའི་བར།གླིང་ཁུལ་གྱིས་སྒོར་ཁྲི་580(གྲོང་ཁྱེར་རིམ་པའི་ཁ་གསབ་སྒོར་ཁྲི་185ཚུད་ཡོད)བཏང་ནས་དམངས་ཕན་རླངས་འཁོར་ཉོ་བ(རིམ་པ་དེ་གའི་རླངས་འཁོར་ཉོས་ནས་སྣུམ་གྱི་གཱ་སྤྲོད་པའི་བྱེད་སྒོ་ཚུད་ཡོད)དང་།གློག་རྡུལ་རོལ་དབྱངས་ཀྱི་སྦི་རག་དགའ་ནེའུ་དུས་ཆེན།རིག་གནས་ཡུལ་སྐོར་ཉམས་ལེན་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།ཚོང་ཟོག་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།
བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་གྱི་ཚེ་མཆོག་གླིང་གྲོང་ཚོར།གྲོང་ཚོའི་ལས་བྱེད་པས་ས་ཞིང་རྩོད་གཞིའི་གྱོད་གཞི་ཞིག་འདུམ་འགྲིག་བྱེད་བཞིན་ཡོད།དེ་ནི་བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་གཞི་འཛིན་སར་བྱས་ནས་གྲོང་གསེབ་ཀྱི“1376”ལས་དོན་བཅའ་ཁྲིམས་འཚོལ་ཞིབ་དང་ལག་བསྟར་ཧུར་ཐག་བྱས་ཏེ།ཉམས་མྱོང་ལྡན་པ་དང་རིམ་པ་མང་བའི་མི་12ཀྱི“ཤང་སྐད་འདུམ་འགྲིག་ཚོགས་པ”བཙུགས་པ་ཞིག་རེད།འགན་འཁྲིའི་མ་ལག་1དང་།གོ་རིམ་3ལ་བརྟེན་ནས་སྐུལ་སྤེལ་གཏོང་བ།ཡིག་འབྲུ་7གྱི་ལས་ཀའི་བླང་བྱ།མང་ཙམ་དྲུག་བཅས་ཀྱི་བྱེད་སྟངས་གཞིར་བཟུང་།གཞི་རིམ་གྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལམ་སྲོལ་སྔར་བས་ལེགས་སུ་བཏང་སྟེ།སྔ་རྗེས་སུ་འགལ་བ་དང་རྩོད་གཞི་10ལྷག་ཙམ་འདུམ་འགྲིག་ལེགས་འགྲུབ་བྱུང་ཡོད།
ན་ནིང་ཟླ་11པ་ནས་བཟུང་།བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་།རྒྱུན་རྣམ་ཅན་གྱིས་བྱ་སྤྱོད་ཆེན་པོ་བརྒྱད་ལ་སྐུལ་འདེད་བཏང་བ།གླིང་ཁ་ལམ་དང་བུམ་པ་ལམ་དུ་རླངས་འཁོར་གང་བྱུང་དུ་འཇོག་པ་དང་ལམ་བཟུང་གཉེར་སྐྱོང་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།གྲོང་ཚོའི་སྡོད་གནས་ཁོར་ཡུག་བཅོས་སྒྲིག་དང་།གྲོང་དོན་གྲོམ་རྣམ་གྱི་སྒྲིག་ཆས་ལ་སྲུང་སྐྱོང་།སྔོ་འགྱུར་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཡུན་ཐེན་མཚེའུ་སྤྱི་གླིང་དང་།ཚེ་མཆོག་གླིང་གཙོ་དོན་སྤྱི་གླིང་།གྲོང་ཁྱེར་སྔོ་འགྱུར་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་གླིང་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་།མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
སྔ་ཕྱི་བར་གསུམ་དུ་བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ་དང་།ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་།འབྱུང་ཁམས་ཁོར་ཡུག་ལེགས་བཅོས།ཡུལ་སྐོར་ལེ་ལག་འཐུས་ཚང་དུ་གཏོང་བ་བཅས་ལ་བརྟེན་ནས་གླིང་ཁུལ་གྱི་གཟུགས་བརྙན་བཟང་པོ་བཏོད་ཡོད།
བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་མ་ཡུང་ལུང་གིས།ཕྱིས་འབྱུང་ང་ཚོས་གླིང་ཁུལ་གྱི་ནུས་པ་ངེས་གཏན་ལ་དམིགས་ནས་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་དང་།རྨང་གཞིའི་སྒྲིག་བཀོད་རིམ་སྤོར།ཚོང་གཉེར་ཁོར་ཡུག་ལེགས་བཅོས།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ།ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་ཕན་པའི་ཞབས་ཞུ་ཆེ་རུ་གཏོང་བ།སྲོལ་རྒྱུན་རིག་གནས་ཐོན་ལས་ལ་རྒྱབ་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཏེ།གླིང་ཁུལ་དེ་གཞི་ཁྱོན་ལྡན་པ་དང་།ཁྱད་ཆོས་ལྡན་པ།མདུན་ལམ་ལྡན་པ།ཕན་འབྲས་ལྡན་པ།ཤུགས་རྐྱེན་ལྡན་པ་བཅས་ཀྱི་རིག་གནས་ཐོན་ལས་གླིང་ཁུལ་དུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社