分享按钮

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

〔2024〕ཡིག་ཨང་4པ།

སྟག་རྩེ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་འཇིགས་མེད་རྣམ་རྒྱལ་གྱིས་སྒེར་གྱི་རྒྱུ་རྐྱེན་གྱི་དབང་གིས་འཐུས་མིའི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་ཞུས་པ་དང་། སྟག་རྩེ་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག འཇིགས་མེད་རྣམ་རྒྱལ་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་ནས་དགོངས་པ་ཞུས་པའི་རེ་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རིམ་པ་ཁག་གི་འཐུས་མིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར། འཇིགས་མེད་རྣམ་རྒྱལ་གྱི་འཐུས་མིའི་ཐོབ་ཐང་མཚམས་བཞག་ཡོད། 《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རིམ་པ་ཁག་གི་འདེམས་བསྐོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་དྲུག་པའི་གཏན་འབེབས་ལྟར། འཇིགས་མེད་རྣམ་རྒྱལ་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དེ་མཚུངས་ཀྱིས་མཚམས་བཞག་པར་མ་ཟད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་དང་སྙན་སེང་ཞུས་ཡོད།

ད་ཐེངས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་འགྱུར་བ་བྱུང་རྗེས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་248ཡོད།

སྤྱི་བསྒྲགས་འདི་ཆེད་དུ་སྤེལ།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོཊ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2024ལོའི་ཟླ་8ཚེས་29ཉིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 〔2024〕ཡིག་ཨང་4པ། 6 6 拉萨日报藏文 c187521.html 1 ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། /enpproperty-->