分享按钮

རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གཏོང་སྤེལ་བདེ་འཇཊ་ཀྱི་ལས་དོན་ཐད་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བདེ་འཇགས་བརྒྱུད་གཏོང་འགན་ལེན་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཞེ་ཏུང་ཧུའེ་དང་བཅས་པ་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་རླུང་འཕྲིན་དང་བརྙན་འཕྲིན་གྱི་གཏོང་སྤེལ་བདེ་འཇགས་ལས་དོན་ལ་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད། བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཀྲང་ཡུས་ལིང་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་སྐལ་བཟང་མེ་ཏོག་ཞིབ་བཤེར་ལ་ལྷན་དུ་ཕེབས་ཡོད།

ཞིབ་བཤེར་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གློག་སྡེབ་ཁང་དང་། རླུང་འཕྲིན་གཏོང་སྤེལ་ཚོད་འཛིན་འཕྲུལ་ཁང་། བརྙན་འཕྲིན་གཏོང་སྤེལ་ཚོད་འཛིན་འཕྲུལ་ཁང་། རླུང་འཕྲིན་བརྙན་འཕྲིན་ལྟ་ཞིབ་ཁང་། གཏོང་སྤེལ་འཕྲུལ་ཁང་སོགས་སུ་ལྟ་ཞིབ་བྱས་ཏེ། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་རེས་དང་། འཕྲུལ་ཆས་སྒྲིག་ཆས་སྐྱེལ་འདྲེན་དང་སྲུང་སྐྱོང་། གློག་ཤུགས་འགན་ལེན། དྲ་རྒྱའི་བདེ་འཇགས། སྒྲིག་ཆས་བདེ་འཇགས། འཕྲལ་སྡོམ་ཐག་གཅོད་བརྒྱུད་རིམ་བཅས་དང་། དེ་བཞིན་གཏོང་སྤེལ་བདེ་འཇགས་ཀྱི་བཀོད་སྒྲིག་སོགས་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རླུང་འཕྲིན་བརྙན་འཕྲིན་གཏོང་སྤེལ་བདེ་འཇགས་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ཞེ་ཏུང་ཧུའེ་ཡིས། གཏོང་སྤེལ་བདེ་འཇགས་ཡོང་བར་བྱ་རྒྱུ་ནི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ཚེ་སྲོག་ལྟ་བུ་ཡིན་པས། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ལག་རྩལ་ལ་འགན་ལེན་དང་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། ལག་རྩལ་འགན་ལེན་བྱ་ཐབས་དང་འཕྲལ་སྡོམ་ནང་སྦྱོང་གི་དམིགས་སའི་རང་བཞིན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་དང་། གཏོང་སྤེལ་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། དམ་པ་དོན་གཉེར་གྱི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་དུས་སྐབས་གལ་ཆེན་གྱི་གཏོང་སྤེལ་བདེ་འཇགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་བསྟན་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187522.html 1 རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གཏོང་སྤེལ་བདེ་འཇཊ་ཀྱི་ལས་དོན་ཐད་ཞིབ་བཤེར་བྱས་པ། /enpproperty-->