分享按钮

(པར་ངོས་དང་པོར་མཐུད)སྣེ་ཁྲིད་སྡེ་ཚན་ཁག་དང་དེའི་ནང་ཞུགས་མཁན་སྡེ་ཚན་ཁག་གིས་འགན་འཁུར་ཕོད་པ་དང་དམ་འཛིན་དངོས་སྒྲུབ་བྱས་ནས་སྒྱུར་བཅོས་གལ་ཆེན་ལ་བརྟག་ཞིབ་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྱུར་བཅོས་རྩ་འཛུགས་ཀྱི་ལག་བསྟར་ཇུས་གཞི་བཟོ་དགོས།སྒྱུར་བཅོས་ལ་ལྟ་སྐུལ་ཞིབ་བཤེར་དང་།དཔྱད་དཔོག་ཕན་འབྲས་འདྲི་རྩད།གཟིགས་སྐོར་སྐོར་ཞིབ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་དངོས་དང་།ཕན་འབྲས་དངོས།མི་དམངས་མང་ཚོགས་བློ་མགུ་ཚད་བཅས་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་བཤེར་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ནས་བཙུགས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་22ཀྱིས་མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་བཏོན་པ་དང་།སྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་།རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཐོ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ།རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་ཆུ་ཚད་དང་།མ་ལག་རང་བཞིན་གྱི་སྒྱུར་བཅོས་ཕན་འབྲས།སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྤུས་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཡིན།ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྣེ་ཁྲིད་བྱེད་པ་དང་།ལམ་ལུགས་གསར་གཏོད་སྲོག་ཤིང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།སྔོན་ལ་ཚོད་ལྟ་བྱེད་པར་བསྔགས་སྐུལ་དང་།གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་བྱས་ཏེ།ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ།མ་དངུལ་རང་མོས་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།ཉོ་ཚོང་དང་།མ་འཇོག འགྲིམ་འགྲུལ་སྐྱེལ་འདྲེན།མི་སྣ་འགྲོ་འོང་རང་མོས་དང་སྟབས་བདེ།གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་འཁོར་རྒྱུག་བཅས་གཙོ་གནད་དུ་འཛིན་པའི་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས།གོང་འཕེལ་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།སྒྲིག་སྲོལ་དང་།སྒྲིག་ལུགས།དོ་དམ།ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་ཆེ་རུ་བརྟན་པོའི་ངང་བཏང་ནས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187519.html 1 /enpproperty-->