ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་དང་། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་ལྗོངས་ལ་བརྟག་ཞིབ་གནང་སྐབས་དང་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་པ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པས། ང་ཚོས་ལས་དོན་ཁག་སྔར་བས་ལེགས་པར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པར་བྱས་ཏེ། ལྷ་སའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ཐད་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།
ནུབ་རྒྱུད་གསར་སྤེལ་ཆེན་པོའི་གོ་སྐབས་ལ་དམ་འཛིན་བྱས་ཏེ།གསར་སྤེལ་ཆེན་པོ་དང་།སྲུང་སྐྱོང་ཆེན་པོ།སྒོ་འབྱེད་ཆེན་པོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་དོན་མཐའ་འཁྱོངས་ཀྱིས་བྱས་པར་རྗེས་ཐོན་པ་དང་ཞིབ་ཚགས་ཀྱི་བྱ་ཐབས་སྤྱད་དེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་རྣམ་གྲངས་ནང་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། བསམ་བློའི་སྟོབས་ཤུགས་ཆེན་པོ་དང་། ལག་ལེན་གྱི་སྟོབས་ཤུགས་ཆེན་པོ། མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་བཅས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ཏེ། ལས་དོན་ཁག་ཡང་དག་པའི་ཕྱོགས་སུ་ཏན་ཏིག་དང་ནུས་ལྡན་ངང་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
དམག་ཞབས་ཐིམ་པའི་དམག་མིའི་ཀྲི་པུའུ་ཧྲུའུ་ཅི་དང་དམག་ཞབས་ཐིམ་པའི་དམག་མིའི་ཨུ་ཡོན་ཁག་གཅིག་གསོ་སྐྱོང་དང་། ལས་ཞུགས་ལས་གཏོད་ཀྱི་སྤུས་རྟགས་ཁག་གཅིག་གཏོད་པ། ཚད་ལྡན་ཅན་གྱི་ཞབས་ཞུའི་ལྟེ་གནས(ས་ཚིགས)ཁག་གཅིག་འཛུགས་པ་དང་སྟོབས་ལྡན་དུ་གཏོང་བ། གཉིས་བཀུར་གྱི་དཔེ་སྟོན་རྫོང(ཆུས)ཁག་གཅིག་འཛུགས་གཏོད་བཅས་བྱས་ཏེ། རང་གྲོང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社