分享按钮

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་སྐབས།

བསམ་བློར་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དངོས་སྒྲུབ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་པའི་ནན་གསུངས་གནང་བ།

ལི་ཆང་དང་།ཝང་ཧུའུ་ཉིང་།ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ།ཟླ་8ཚེས་29ཉིན་གྱི་སྔ་དྲོར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།ཀྲུང་དབྱང་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།ཁོང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པ་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་སྐུལ་འདེད་བཏང་བ་ཞིག་ཡིན་པས་རྨང་གཞི་བརྟན་པོ་དང་མཐུན་རྐྱེན་འཛོམས་ཡོད།སྔར་ཡོད་ཀྱི་སྒྱུར་བཅོས་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དངོས་སྒྲུབ་བཅས་བྱས་ནས་ཕྱོགས་གང་ཅིའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་དང་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་།ཝང་ཧུའུ་ཉིང་།ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈གཏན་འབེབས〉ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པའི་ལས་བགོས་ཇུས་གཞི》དང《རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་ཙམ་གཏན་འཁེལ་བྱས་ཡོད།ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།སྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་དང་སྔོན་ལ་ལག་ལེན་བསྟར་བའི་ཁ་ཕྱོགས་དང་།སྒྱུར་བཅོས་བྱེད་ཐབས་ཀྱི་སྔ་གཞུག་གོ་རིམ་དང་གོམ་སྟབས་དང་གོ་སྐབས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།སྒྱུར་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཟུང་འབྲེལ་སྔར་ལས་དམ་ཟབ་བྱས་ཏེ།མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་མགྱོགས་མྱུར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།སྒྱུར་བཅོས་མ་ལག་གཅིག་སྡུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྒྱུར་བཅོས་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐེབས་པའི་ཤུགས་རྐྱེན་ལ་རང་འགུལ་ངང་དཔྱད་དཔོག་བྱས་ནས་སྒྱུར་བཅོས་དང་གོང་འཕེལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་འཁྱོལ་ལམ་སྲོལ་ལེགས་སུ་བཏང་ནས་གནད་དོན་གལ་ཆེན་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 ལི་ཆང་དང་།ཝང་ཧུའུ་ཉིང་།ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་སྐབས། 6 6 拉萨日报藏文 c187515.html 1 བསམ་བློར་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད།བདེན་འཚོལ་དངོས་སྒྲུབ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->