འདི་ལོ་ནས་བཟུང་།བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱིས་དོན་ཆེན་བཞིར་དམིགས་པ་དང་།འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ།གདོང་དམག་བདུན་བརྩོན་ལེན་བྱེད་པ་བཅས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ།རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་སོགས་ཀྱི་ནུས་ལྡན་བྱ་ཐབས་སྤྱད་དེ་ཡོད་པ་ལྔའི་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།
བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དུ་གནས་པའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དེ་འགྲེམས་སྟོན་ཁུལ་19ལ་བགོས་ནས་བོད་ཡིག་གི་ལོ་ཐོ་དང་།བོད་ལུགས་གསོ་རིག་དང་སྨན་རྫས།ཐང་གཱ།བོད་ཤོག གཟིམ་སྤོས།བོད་ཀྱི་ལྷ་མོ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་50ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།ཟླ་3པར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་།བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་གླིང་ཁུལ་དེ་གྲོང་མིའི་ཡུལ་སྐོར་བྱ་ཡུལ་གསར་པ་ཞིག་ཏུ་བསྐྲུན་ནས་ལྷ་སའི་སྐུ་མགྲོན་མཇལ་འཛོམས་ཁང་དང་ཡུལ་སྐོར་བ་འཚམས་འདྲིར་ཕེབས་པའི་ས་ཚིགས་དང་པོ་ཞིག་ཏུ་འགྱུར་བར་གཞོལ་བཞིན་ཡོད་པ་རེད།ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་།རིག་གནས་ཐོན་ལས་སྤུས་ལེགས་དང་སྟོབས་ཆེར་གཏོང་བ།ཡུལ་སྐོར་ལམ་ཐིག་སྤུས་དག་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་སྐོར་བ་གླིང་ཁུལ་དུ་བསྐྱོད་རྒྱུར་ཁྲིད་སྟོན་དང་གླིང་ཁུལ་གྱི་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པ།བཟའ་བཏུང་དང་། ཞག་སྡོད།འགྲོ་སྐྱོད།ཡུལ་སྐོར།ཉོ་སྒྲུབ། རོལ་རྩེད་བཅས་ཀྱི་རྒྱུ་རྐྱེན་དྲུག་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་གྱི་ལམ་ཐིག་སྤུས་དག་གཏོད་པ།ལུས་རྩལ་ལ་དགའ་བའི་ཚོགས་སྤྱི་དང་ལྷིང་འཇགས་ལ་དགའ་བའི་ཚོགས་སྤྱི་དབྱེ་ནས་ཡུལ་སྐོར་ལམ་ཐིག་སྤུས་དག་གཉིས་བཏོད་ནས་ཉིན་གང་གི་ཞབས་ཞུ་ལོངས་སུ་སྤྱོད་པ།ཡུལ་སྐོར་བའི་མྱོང་ཚོར་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཡོད།
བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་ཡུན་སུའུ་ཆིང་ཁྲེང་གསོལ་མགྲོན་ཁང་གི་ཅིང་ལི་ཅང་ཅིན་ཀྲུང་གིས་ང་ཚོས་ཞག་སྡོད་ཐད་ཞབས་ཞུ་དེ་བས་ཡག་པ་དང་མང་བ་མཁོ་འདོན་བྱས་ཡོད།འདི་ལོ་གསོལ་མགྲོན་ཁང་ལ་སྐར་བཞིའི་རིམ་པའི་གསོལ་མགྲོན་ཁང་གི་དཔྱད་བསྡུར་གཏན་འབེབས་ཐོབ་ཡོད།གསོལ་མགྲོན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཕྱག་མཛོད་རྣམ་པའི་ཞབས་ཞུའི་ཐོག་ནས་ཞབས་ཞུའི་བཀྲག་མདངས་འཚེར་ས་མངོན་གྱི་ཡོད་ཅེས་བཤད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社