分享按钮

ལྔ་གསུམ་ཀླད་ཀོར་ལས་གཞི་སྟེ་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བ་དང་། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ་ཟླ་8ཚེས་29ཉིན། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ལྔ་སུམ་ཀླད་ཀོར་ལས་གྲྭ་སྟེ་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་འཛུཊ་སྐྲུན་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་བོད་ལྗོངས་འབྲི་གཡག་རྟེན་མཛོད་ཁང་དུ་སྤེལ་བ་རེད།

ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་མཛད་སྒོར་ཞུགས་ནས་པར་རིས་འགྲེམས་སྟོན་གྱི་ཡོལ་བ་ཕྱེ་བ་དང་འབྲེལ་གསུངས་བཤད་ཀྱང་གནང་བ་རེད།

ཁྲེན་ཅིང་གིས་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་ནི་རང་རྒྱལ་གྱིས་རྩད་ཞིབ་ཚད་ལེན་ཇུས་འགོད་དང་ཨར་ལས་བྱས་པའི་ས་བབ་མཐོ་བ་དང་བར་ཐག་རིང་པོར་གོ་རིམ་ལྟར་བཅོས་སྣུམ་རིགས་བཞི་སྐྱེལ་འདྲེན་བྱེད་པའི་སྣུམ་འདྲེན་མདོང་ལམ་དང་པོ་དེ་ཡིན་པ་དང་།ཀྲུང་གོའི་མི་དམངས་ཀྱིས་མཚོ་བོད་དང་ཁྲོན་བོད་གཞུང་ལམ་གྱི་རྗེས་སུ་འཛམ་གླིང་ཐོག་བཏོད་པའི་ངོ་མཚར་གཞན་ཞིག་ཀྱང་ཡིན་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-31 6 6 拉萨日报藏文 c187512.html 1 ལྔ་གསུམ་ཀླད་ཀོར་ལས་གཞི་སྟེ་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་པར་རིས་འགྲེམས་སྟོན་བྱས་པ། /enpproperty-->