ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་27ཉིན། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྐལ་བཟང་ཚེ་བརྟན་གྱིས་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། སྤང་ཕུ་གྲོང་ཚོའི་ཚོགས་ཆུང་གཉིས་པར། སྐལ་བཟང་ཚེ་བརྟན་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་མང་ཚོགས་དང་རྒྱུན་གཏན་གྱི་འཚོ་བའི་གནས་ཚུལ་སྐོར་ལ་གླེང་མོལ་བྱས་པ་དང་། ཁོང་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་རྒྱུས་ལོན་བྱས་ཤིང་། ཞིང་འབྲོག་པས་སེམས་ཁུར་བྱེད་བཞིན་པའི་སློབ་གསོ་དང་། སྨན་བཅོས་སོགས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་ལ་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་གང་ནས་ཡོང་བ་དང་། དྲིན་ལན་སུ་ལ་འཇལ་དགོས་པ་ཤེས་སུ་བཅུག་སྟེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་འབྲང་བ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
དེའི་རྗེས་སུ་སྐལ་བཟང་ཚེ་བརྟན་གྱིས་སྤང་ཕུ་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་བཞུགས་མོལ་གནང་སྐབས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྱུར་བཅོས་དང་འཕེལ་རྒྱས་ལག་བསྟར་བྱེད་མཁན་ཡག་པོ་ཞིག་བྱས་ཏེ། ལས་ཞུགས་དང་། སྨན་བཅོས། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་བྱ་བ་ཆུང་ཙག་དེ་རིགས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། སྒྱུར་བཅོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱེད་དུ་འཇུག་དགོས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། དྲ་རྒྱ་དང་བརྙན་འཕྲིན་སོགས་ཀྱི་ཐབས་ལམ་མང་པོའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ནང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ཆོས་གྲགས་ཀྱིས་དེ་རིང་གྲོང་ཁྱེར་གྱི་འགོ་ཁྲིད་ང་ཚོའི་གྲོང་ཚོར་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ཞིང་འབྲོག་པའི་ཁྱིམ་དུ་ཕེབས་ནས་སྐུ་ངོ་མས་སྒྲོག་འགྲེལ་དང་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་། ཕྱིར་ལོག་རྗེས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་ཉེ་དུས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། ལྷ་སར་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社