分享按钮

བརྩེ་སེམས་བཅངས་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ།

པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་གྱི་བཅུ་ཆ་བརྒྱད་དམངས་འཚོ་ལེགས་སུ་གཏོང་བའི་ཐད་སྤྱད་པ།

1994ལོར། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་གལ་ཆེན་བྱས་ཏེ་ཁུལ་དབྱེའི་འགན་འཁུར་རྒྱུ་དང་། ཁ་གཏད་རོགས་སྐྱོར། དུས་བཀག་ལྟར་རེས་མོས་བརྗེ་རེས་བཅས་ཀྱི་རོགས་སྐྱོར་རྣམ་པ་གཏན་འཁེལ་བྱས་ཡོད། ལོ་ངོ་30ཡི་རིང་། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཆུས་རྫོང་དང་གཞུང་ཁོངས་ཁེ་ལས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་བཅས་ལ་དམིགས་ཏེ་བོད་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། རོགས་སྐྱོར་གྱི་ཁྱབ་ཁོངས་དང་། བྱེད་སྟངས། ཁུལ་ཁོངས་བཅས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ། རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་བྱས་པས་ཁ་གཏད་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་བློ་ཡིད་ཚིམ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱུང་ཡོད།

ཆུ་ཐིགས་ཆུང་ཆུང་དེ་དམངས་འཚོ་ཆེན་པོ་དང་འབྲེལ་བ་ཡོད། ཆུ་འཐུང་རྒྱུ་ཡོད་པ་ནས་ཆུ་སྤུས་ལེགས་པོ་འཐུང་རྒྱུའི་བར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཛེས་པའི་གྲོང་གསེབ། སྐྱིད་པའི་ཁྱིམ་གཞིས་ཀྱི་བདེ་ཐང་འཐུང་ཆུའི་རྣམ་གྲངས་འཛུགས་སྐྲུན་བྱས་ནས་་བེད་སྤྱོད་གཏོང་འགོ་ཚུགས་པ་དེ་མང་ཚོགས་ལ་ཕན་པ་ཐོབ་པའི་དམངས་སེམས་ཀྱི་ལས་གྲྭའི་གྲས་ཤིག་ཏུ་དངོས་འབྲེལ་གྱུར་ཡོད། ཉིན་ཤས་གོང་། གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་དུ་བདེ་ཐང་འཐུང་ཆུའི་ཆུ་ལེན་ཁང་5བཙུགས་ཡོད་ཅིང་། སྒྲིག་ཆས་ཀྱི་ཕྱི་དབྱིབས་དོས་སྒམ་རྣམ་པའི་ཇུས་འགོད་བྱས་ཡོད་པ་དང་། སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5ལས་ཟིན་གྱི་མེད། ཆུ་ལེན་ཁང་གཅིག་གིས་ཉིན་གཅིག་ལ་དུད་ཚང་200དང་དུད་ཚང་རེར་འཐུང་ཆུའི་དགོས་མཁོ་ཆུ་ཧྲེང་15ཡི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་མཐོང་བྱུང་། སྟོད་ལུང་བདེ་ཆེན་ཆུས་ལུང་ཐེང་ཆུ་དོན་ཚད་ཡོད་ཀུང་སིའི་ཆེད་ལས་ལས་དོན་པ་སྤེན་པ་ཟླ་བས་དེ་སྔོན་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོ་དང་ཚོགས་ཆུང་ཁག་གཅིག་གིས་ཐག་གཅོད་བྱས་མེད་པའི་ཆུ་མིག་གི་ཆུ་དང་ས་འོག་གི་ཆུ་སྤྱོད་ཀྱི་ཡོད་ཅིང་། ཆུ་དེ་རིགས་ཡུན་རིང་བེད་སྤྱོད་བྱས་པས་གཞོན་ནུ་ལོ་ཆུང་དང་རྒན་རྒོན་གྱི་གཟུགས་གཞིའི་བདེ་ཐང་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། ཆུ་སྤུས་ཞན་པ་ལས་ཐོན་པའི་བདེ་ཐང་གི་གནད་དོན་མི་ཡོང་བའི་ཆེད་དུ། ང་ཚོའི་རྣམ་གྲངས་འདེམས་ཡུལ་ནི་རྩ་བའི་ཆ་ནས་གྲོང་མི་གཅིག་སྡུད་ས་ཁོངས་སུ་བདམས་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་རྗེས་གཙང་འགྱུར་ཆུ་ཐད་ཀར་འཐུང་ཆོག་པར་མ་ཟད། ཧ་ཅང་སྟབས་བདེ་པོ་ཡང་ཡོད་ཅེས་བཤད།

གནས་ཆུང་སྡེ་ཁུལ་དུ་ཡུལ་མིས་ཆེད་སྤྱོད་ཆུ་ཟོམ་འཁྱེར་ནས་ཆུ་ལེན་པར་ཡོང་གི་ཡོད་ཅིང་། ཆུ་ཟོམ་འཇོག་པ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་དབྱང་ལུའུ་ཡིས། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་གྱི་བཅུ་ཆ་བརྒྱད་དམངས་འཚོ་ལེགས་སུ་གཏོང་བའི་ཐད་སྤྱད་པ། 6 6 拉萨日报藏文 c187495.html 1 བརྩེ་སེམས་བཅངས་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པ། /enpproperty-->