ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིབ་ཕྲའི་ལས་དོན་ལ་ཞིབ་འཇུག་དང་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཞིང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་རབ་དང་རིམ་པའི་བླང་བྱ་གཞིར་བཟུང་།མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། གྲོང་ཁྱེར་སྔར་ལས་འཚོ་སྡོད་ལ་འཚམ་པ་དང་། སྔར་ལས་བློ་གྲོས་ལྡན་པ། སྔར་ལས་མཉེན་ཆ་ལྡན་པ་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཞུས་ཧའེ་དང་།ཀྲང་ཁྲུན་དབྱང་།བཀྲ་ཤིས་དཔལ་སྒྲོན།བློ་གསལ།པ་སངས་རྡོ་རྗེ། ཀའོ་ཅུན། པད་མ་གཡུ་སྒྲོན། ལིའུ་ལེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་གསུངས་དོན། གྲོང་ཁྱེར་དོ་དམ་ལས་དོན་ནི་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་རང་བཞིན་དང་ཡུན་རིང་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས།ངེས་པར་དུ་ཕར་ཕྱིན་རྒྱག་པ་ལྟ་བུའི་ནུས་པ་འདང་ངེས་བཏོན་ནས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社