分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བཞི་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་28ཉིན། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོཊ་འདུ་ཐེངས་ཉེར་བཞི་པ་འཚོཊ་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ ཕེང་ཧྥུའེ་ཡུའེ། ཟླ་བ། ཚེ་རིང་དོན་གྲུབ། དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུའི་ཁོངས་མི་9སླེབས་དགོས་པ་དང་། དོན་དངོས་ཐོག་མི་7སླེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་། འཐུས་མི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུར་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་དང་། ལས་འགན་འཁུར་བའི་དོན་ཚན་སྐོར་གྱི་གསལ་བཤད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-30 6 6 拉萨日报藏文 c187494.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་བཞི་པ་འཚོགས་པ། /enpproperty-->