(པར་ངོས་དང་པོར་མཐུད)རང་མོས་ངང་དངུལ་འཇལ་རིམ་པ་བདམས་ནས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་ཆོག་གི་ཡོད། 2024ལོར་གྲོན་དངུལ་འཇལ་བའི་དངུལ་གྲངས་ཁག་སོ་སོ་ནི། རིམ་པ་དང་པོའི(བརྒྱ་ཆ་60)གྲོན་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་16626.24དང་། རིམ་པ་གཉིས་པའི(བརྒྱ་ཆ་80)གྲོན་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་22168.32 རིམ་པ་གསུམ་པའི(བརྒྱ་ཆ་100)གྲོན་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་27710.4 རིམ་པ་བཞི་པའི(བརྒྱ་ཆ་150)གྲོན་དངུལ་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་41565.6 རིམ་པ་ལྔ་པའི(བརྒྱ་ཆ་200)གྲོན་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་55420.8 རིམ་པ་དྲུག་པའི(བརྒྱ་ཆ་300)གྲོན་དངུལ་འཇལ་བའི་དངུལ་གྲངས་ནི་ལོ་རེར་སྒོར་83131.2བཅས་ཡིན། གྲོན་དངུལ་འཇལ་བའི་ཚད་གཞིའམ་ཡང་ན་གྲོན་དངུལ་འཇལ་བའི་རིམ་པ་ལོ་ལྟར་ཐེངས་གཅིག་ལས་བསྒྱུར་མི་ཆོག་པ་དང་གྲོན་དངུལ་འཇལ་མཚམས་འཇོག་པའི་དུས་ཚོད་ནི་2024ལོའི་ཟླ་12ཚེས་25ཉིན་ཡིན།
2024ལོར་ཁེ་ལས་ཀྱི་གྲོན་དངུལ་འཇལ་བའི་གཞི་གྲངས་དམའ་ཤོས་ནི་ལོ་འཁོར་གོང་མའི་ལྗོངས་ཡོངས་ཀྱི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་བརྒྱ་ཆ་60ཡིན་ཞིང་། གྲོན་དངུལ་འཇལ་བའི་གཞི་གྲངས་ཟླ་རེར་སྒོར་6927.6ཡིན་པ་དང་། གྲོན་དངུལ་འཇལ་བའི་ཚད་གཞི་མཐོ་ཤོས་ནི་ལོ་འཁོར་གོང་མའི་ལྗོངས་ཡོངས་ཀྱི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་བརྒྱ་ཆ་300ཡིན་ལ། གྲོན་དངུལ་འཇལ་བའི་གཞི་གྲངས་ཟླ་རེར་སྒོར་34638ཡིན། ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ཚན་པའི་གྲོན་དངུལ་འཇལ་བའི་བསྡུར་ཚད་བརྒྱ་ཆ་16དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་བསྡུར་ཚད་བརྒྱ་ཆ་8ཡིན་ཞིང་། ལས་ཤོར་འགན་བཅོལ་ཚན་པའི་གྲོན་དངུལ་འཇལ་བའི་བསྡུར་ཚད་བརྒྱ་ཆ་0.5དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་བསྡུར་ཚད་བརྒྱ་ཆ་0.5ཡིན། དམིགས་བསལ་དྲན་སྐུལ་བྱས་པ་ལྟར་ན། རང་ལྗོངས་ཀྱི་ལས་རྨས་འགན་བཅོལ་རིགས་དང་པོ་ནས་བརྒྱད་པའི་བར་གྱི་ལས་རྨས་ཉེན་ཁའི་ལས་རིགས་ཀྱི་འགན་བཅོལ་ནང་ཞུགས་མཁན་ཚན་པས་མི་སྤྱོད་ཚན་པ་དེའི་ལས་བཟོ་བའི་གླ་ཕོགས་བསྡོམས་འབོར་གྱི་བརྒྱ་ཆ་0.1དང་། བརྒྱ་ཆ་0.2 བརྒྱ་ཆ་0.35 བརྒྱ་ཆ་0.45 བརྒྱ་ཆ་0.55 བརྒྱ་ཆ་0.65 བརྒྱ་ཆ་0.8 བརྒྱ་ཆ་0.95བཅས་སོ་སོར་ལས་རྨས་འགན་བཅོལ་གྲོན་དངུལ་འཇལ་དགོས་ཀྱི་ཡོད་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社