(པར་ངོས་དང་པོར་མཐུད)གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་དྲ་མིག་གི་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་རང་གྲོང་གི་དྲ་མིག་གི་དོ་དམ་ལས་དོན་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
དེ་རྗེས་འཚོགས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ཀྲའོ་ཧུའེ་ཉན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་།ཚད་གཞི་དང་བསྡུར་བ།དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། སྡེ་ཁུལ་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། དྲ་མིག་ཁག་བགོས་དང་དྲ་མིག་མི་སྣའི་དོ་དམ་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་དྲ་མིག་གི་ཞབས་ཞུའི་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་མི་སྣར་སྐུལ་མ་གཏོང་བའི་འགན་ལེན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་གསོ་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཚང་མས་འགན་འཁྲི་སྒྲུབ་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་འཇུག་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་དང་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ་དྲ་མིག་གི་དོ་དམ་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་། མང་ཚོགས་ཀྱིས་དྲ་མིག་གི་དོ་དམ་ལས་དོན་ཤེས་རྟོགས་བྱེད་ཚད་དང་ཐེ་ཞུགས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བར་ཐག་མེད་པ་མངོན་འགྱུར་ཡོང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མཐའ་མའི་འགག་གནད་ཤར་གཏོང་ཐུབ་པར་བྱས་ནས་མཉམ་སྐྲུན་དང་། མཉམ་སྐྱོང་།མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་སྔར་བས་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社