分享按钮

(པར་ངོས་དང་པོར་མཐུད)

ཉེ་བའི་ལོ་ཤས་རིང་ཅང་སུའུ་ནན་ཅིང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གཅིག་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ་ས་བོན་དང་རྫས་ལུད་གཟིགས་སྐྱོང་དུ་སྤྲོད་པ་དང་རྨོ་ཞིང་ཚབ་གཉེར་འགན་གཙང་ལེན་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་འབྲོག་པའི་པད་ཁ་འདེབས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ་དང་།གཉིས་ནས་རྫོང་ས་གཙང་ཀུང་སི་དང་སྲིད་འཛིན་གྲོང་ཚོ་ཁག་དང་མཉམ་འབྲེལ་བྱས་ཏེ་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས་ཁྲོམ་རའི་རིན་གོང་ལས་མཐོ་བའི་ཐོག་ནས་པད་ཁའི་ས་བོན་ཉོ་རྒྱུའི་ཁས་བླངས་ཡོད། འབད་བརྩོན་ལྷོད་མེད་ངང་ཕྱོགས་གཉིས་ལ་དམ་འཛིན་བྱས་པ་བརྒྱུད། 2020ལོར་མལ་གྲོ་གུང་དཀར་རྫོང་གིས་པད་ཁ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི་2.5ཁྱབ་གདལ་བཏང་བར་མ་ཟད། རིགས་གསར་པའི་པད་ཁ་མུའུ་400ཚོད་འདེབས་བྱས་ཡོད།

མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་ཁྲོམ་རར་འདོན་ཆེད། ཅང་སུའུ་ནན་ཅིང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་ཚོང་པ་དང་ཐབས་ལམ་ཞབས་ཞུའི་ཚོང་པ་6དང་མཉམ་ལས་གྲོས་མཐུན་བཞག་ནས་གནམ་མཐའི་མལ་གྲོ་ཞེས་པའི་སྤྱི་པའི་ཚོང་རྟགས་ཐོ་འགོད་བྱས་ཏེ། མལ་གྲོའི་པད་ཁའི་སྣུམ་བོད་ནས་ནན་ཅིང་དུ་ཐོག་མར་དབོར་ཞིང་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ཡོད། 2023ལོ་ཁོ་ནར་མལ་གྲོའི་པད་ཁའི་ཐོན་ཚད་ཏུན་ཁྲི་0.45ཟིན་པ་དང་རིམ་རྩིས་བྱས་ན་ལྗོངས་ཕྱིར་བཙོངས་ཚད་སྒོར་ཁྲི་2800ཟིན་པར་མ་ཟད། ས་གནས་དེ་གའི་སློབ་ཆེན་སློབ་མ་27ལས་ཞུགས་ཐུབ་པ་དང་འདེབས་འཛུགས་དུད་ཚང་4000ལྷག་ཙམ་ལ་ཆ་སྙོམས་ཡོང་འབབ་སྒོར་2800འཕར་རྒྱུར་རོགས་རམ་བྱས་ཡོད། ད་ཆ་མལ་གྲོའི་པད་ཁའི་སྣུམ་ནི་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་གྲགས་རྟགས་སུ་གྱུར་ཡོད།

མལ་གྲོ་གུང་དཀར་རྫོང་པད་ཁའི་སྣུམ་འཚག་བཟོ་གྲྭའི་ལས་དོན་པ་བསོད་ནམས་བསྟན་འཛིན་གྱིས་ང་ཚོའི་སྣུམ་འཚག་བཟོ་གྲྭ་དེ་2021ལོར་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།དང་ཐོག་མར་མངགས་ཐོ་ཡོད་ཚེ་སྣུམ་ཐོན་སྐྱེད་བྱེད་པ་དང་མངགས་ཐོ་མེད་ཚེ་ཐོན་སྐྱེད་བྱེད་ཀྱི་མེད།ནན་ཅིང་བོད་སྐྱོར་ལས་བྱེད་པས་གནས་ཚུལ་དེ་ཤེས་རྗེས་ང་ཚོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་རོགས་བྱས་པར་མ་ཟད། ས་ཁུལ་ཕྱི་རོལ་གྱི་ཁྲོམ་ར་གཏོད་རོགས་བྱས་ཡོད། ད་ཆ་ང་ཚོའི་སྣུམ་ཕྱིར་ཚོང་བྱེད་ཚད་མཐོ་ལ་ཕྱིར་ཚོང་བྱེད་ས་ཡོད་པས་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བཤད།

ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་ཧུང་ཀྲང་མེ་ཏོག་རྟེན་གཞིར་སྐྱོད་སྐབས་ཧུང་ཀྲང་མེ་ཏོག་རབ་ཏུ་བཞད་ཡོད། བཟོ་པ་ཚོས་བྲེལ་འཚུབ་ཆེན་པོས་ཁོག་མའི་ནང་ས་བླུགས་ནས་མེ་ཏོག་རྩ་སྤོས་རྒྱག་བཞིན་ཡོད་ཅིང་། ཅང་སུའུ་ནས་དབོར་ཡོང་བའི་ཧུང་ཀྲང་མེ་ཏོག་དེ་ཁོག་མའི་ནང་རྩ་སྤོས་བརྒྱབ་སྟེ་ཁྲོམ་རར་འཚོང་གི་ཡོད། ཆུ་ཤུར་གྱི་མེ་ཏོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།2022ལོའི་ཟླ་3པར་ཅང་སུའུ་ཐའེ་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་2913.82བརྩོན་ལེན་བྱས་ཏེ།ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་རིག་ནུས་ཅན་གྱི་ཚོད་འཛིན་མ་ལག་དང་།ཆུ་ལུད་གཞི་གཅིག་ཅན་གྱི་མ་ལག ས་ཁོངས་ཡོངས་ཀྱི་དངོས་ཁམས་ནད་འབུ་སྔོན་འགོག་ཚོད་འཛིན་མ་ལག གནད་སྨིན་ཆུ་གཏོར་མ་ལག གློག་ཚོད་འཛིན་དང་ཟོག་འབྲེལ་དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་མ་ལག་སོགས་དེང་རབས་ཞིང་ལས་ལག་རྩལ་དང་སྒྲིག་ཆས་སྣ་མང་གཞི་གཅིག་ཏུ་འདུས་པའི་ནུས་རྒྱུ་གྲོན་ཆུང་གི་རིག་ནུས་དྲོད་ཁང་སྐྲུན་རོགས་བྱས་ཡོད། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་སུའུ་ཀྲུང་ལྡུམ་རའི་ལག་རྩལ་ཚད་ཡོད་ཀུང་སི་དང་རྣམ་གྲངས་མཉམ་ལས་བྱས་ཏེ།ཚ་ཁུལ་དུ་སྐྱེ་འཚར་དང་འཚམ་པའི་ཧུང་ཀྲང་མེ་ཏོག་གངས་ལྗོངས་ས་མཐོར་བཞད་དུ་བཅུག་ནས་གླིང་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ལྷ་སའི་མེ་ཏོག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་།སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་ལས་དོན་པ་སྐལ་བཟང་སྒྲོལ་དཀར་གྱིས་མེ་ཏོག་རྟེན་གཞིའི་རྣམ་གྲངས་དེ་2022ལོའི་ཟླ་3པར་ལས་འགོ་བཙུགས་པ་དང་2023ལོའི་ཟླ་12པར་ལས་མཇུག་འགྲིལ་བ་རེད།འདི་ལོའི་ཟླ་5པར་ཅང་སུའུ་ཐའེ་ཀྲོའུ་ནས་ཧུང་ཀྲང་མེ་ཏོག་གི་སོན་སྡོང་རྐང་10000ལྷག་ཙམ་ཐོག་མར་ནང་འདྲེན་བྱས་པ་དང་།བདག་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔར་སྐྱེ་ཚུལ་ཡག་པོ་ཡོད་པར་མ་ཟད། ཁྲོམ་རར་ཡང་འདོན་འགོ་ཚུགས་ཡོད་ཅེས་བཤད།

2012ལོ་ནས་བཟུང་ཅང་སུའུ་ཡིས་སྔ་རྗེས་སུ་སྒོར་དུང་ཕྱུར་1.5བཏང་ནས་མཁྲེགས་ཆས་དང་། ལག་རྩལ། ཁྲོམ་ར་སོགས་ཀྱི་ཐད་ནས་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པས་གླིང་ཁུལ་དེ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཐོན་ལས་མཉམ་འདྲེས་དཔེ་སྟོན་ཁུལ་དུ་བདམས་པ་རེད།

འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡིན།ལོ་ངོ་30ཡི་རིང་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་སྐྱེད་སྲིང་དང་ནང་འདྲེན་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གསར་སྤེལ་དང་མཉམ་ལས་མཉམ་སྐྲུན།ཐོན་ལས་གླིང་ཁུལ་མཉམ་སྐྲུན།སྔོན་ཐོན་ཉམས་མྱོང་ནང་འདྲེན།ཚོང་འགུགས་མ་འདྲེན་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད།ལྷ་སའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བས་ལྷ་སའི་ཐོན་ལས་འཕེལ་རྒྱས་དེ་གཞན་བརྟེན་ནས་རང་བརྟེན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་།ལྷ་སའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པས། ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ཆ་ཚད་འཛིན་རང་བཞིན་དང་། དཔེ་སྟོན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་དེ་བས་མང་བ་གངས་ལྗོངས་ས་མཐོར་བཙུགས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 6 6 拉萨日报藏文 c187840.html 1 /enpproperty-->