(པར་ངོས་དང་པོར་མཐུད)རྒྱུན་ལྡན་གྱི་ལས་ཀ་དང་ཐོན་སྐྱེད་བདེ་འཇགས་གཉིས་ཀར་དམ་འཛིན་བྱས་ཐོག ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ལ་དོ་སྣང་བྱེད་དགོས་པ་སྟེ། བགྲོད་ལམ་འགྲིམ་འགྲུལ་དང་ཨར་ལས་ལས་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་གལ་ཆེན་གྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཉེན་བརྡ་རྟག་ཏུ་གཏོང་བ་དང་དོགས་ཟོན་རྟག་ཏུ་བྱེད་དགོས་ཤིང་། གསོ་སྦྱོང་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག དམངས་ཡོངས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཐོན་སྐྱེད་བདེ་འཇགསཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ད་ལོ་ཚུན་གྱི་གྲོང་ཁྱེར་ཡོངས་ཀྱི་ཚོང་དང་མ་རྩ་འགུགས་འདྲེན་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་སྟེ། སྔོན་ཐོན་ཞིང་ཆེན(གྲོང་ཁྱེར)དང་ལྷག་པར་དུ་ས་བབ་འདྲ་བའི་ས་ཁུལ་གྱི་གྲུབ་འབྲས་ཐོབ་པའི་ཚོང་དང་མ་རྩ་འགུགས་འདྲེན་གྱི་སྲིད་ཇུས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། སྒྲིག་སྲོལ་དང་ལམ་སྲོལ་ལེགས་སྒྱུར་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་དོན་ཞིབ་ཚགས་སུ་གཏོང་དགོས་པ་སྟེ། ཐོན་ལས་སྦྲེལ་ཐག་གི་ཚོང་འགུགས་མ་དཔེ་དང་། རྣམ་གྲངས་མཛོད། ཐོན་ཁུངས་མཛོད་བཅས་ཀྱི“མ་དཔེ་གཅིག་དང་མཛོད་་གཉིས”ཀྱི་བཟོ་འགོད་མགྱོགས་སུ་བཏང་ནས་གཙོ་གནད་ལ་དམིགས་ཏེ་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཁོར་ཡུག་ལེགས་སུ་གཏོང་དགོས་པ་སྟེ། རྣམ་གྲངས་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་འགོད་པའི་ལས་ཀའི་འཁོར་སྐྱོད་ལམ་སྲོལ་མགྱོགས་མྱུར་བཏོན་ནས། ཚོང་ར་དང་། ཁྲིམས་སྐྱོང་། སྲིད་དོན། མ་འཇོག རྒྱུ་རྐྱེན། གསར་གཏོད་སོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས། རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པ་སྟེ། སྲིད་ཇུས་ཀྱི་དགེ་མཚན་དང་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱད་དེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་སྔར་བས་མང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ཚོང་དང་མ་རྩ་འགུགས་འདྲེན་གྱི་ལས་ཀར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཐད་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག ད་དུང་དོན་དག་གཞན་དག་ལ་ཡང་ཞིབ་འཇུག་བྱས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社