分享按钮

“ལོ་ལྔ་ཚན་བཅུ་བཞི་པའི”རིང་།

​བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་པ་དང་ཐོན་ལས་བོད་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་44.06བཏང་བ།

​བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་པ་དང་ཐོན་ལས་བོད་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་44.06བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གསར་འགྱུར་ཡོངས་བསྒྲགས་ཐིང་གིས་འཚོགས་པའི་ལོ་ངོ་30ཡི་རིང་གི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་30ཡི་རིང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཐོན་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཐོན་ལས་རྣམ་གྲངས་ཀྱི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་མ་ཟད། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་སྒུལ་ཤུགས་སྐུལ་སྤེལ་བྱས་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁོ་ནར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་པར་མ་ཟད།བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་44.06བཏང་ཡོད།

ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ། མང་ཚོགས་ལས་ཞུགས་དང་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་30ཡི་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་རའི་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྤེལ་ཏེ་ཐོན་ལས་བོད་སྐྱོར་ནང་དོན་སྔར་བས་གཏིང་ཟབ་ཏུ་བཏང་ནས་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཐོག ཁ་གཏད་བོད་སྐྱོར་ལས་དོན་སྤུས་ཚད་མཐོན་པོའི་ངང་ལེགས་འགྲུབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ཞིང་འབྲོག་ལས་ཐད། རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ལྷ་སའི་པད་ཁའི་སྣུམ་དང་། གཞིས་ཀ་རྩེའི་ཤིང་ཏོག་དང་སྔོ་ཚལ། ལྷོ་ཁའི་བོད་སྒོང་། ཉིང་ཁྲིའི་ཇ་ལོ། ཆབ་མདོའི་རྒུན་ཆང་། ནག་ཆུའི་ཚགས་ཤ། མངའ་རིས་ཀྱི་ཁུ་ལུ་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ལྗང་མདོག་བཟོ་ལས་ཐད། པའོ་ཝུའུ་ཚོཊ་པས་གཞིས་ཀ་རྩེའི་འབྲོང་པ་རྫོང་གི་ཚྭ་མཚོའི་ལྗང་མདོག་ཕྱོཊ་བསྡུས་གསར་སྤེལ་ཐད་སྤྱད་པའི་གློག་རྫས་ཏུན་ཁྲི་རིམ་པའི་ཐཱན་སྐྱུར་ལིའི་རྣམ་གྲངས་ཚོད་ལྟའི་ཐོན་སྐྱེད་དུས་མཚམས་སུ་སླེབས་པ་དང་། ལྷོ་ཁ་གྲ་ནང་རྫོང་དུ་གཞིས་ཆགས་པའི་ཧུའུ་ནན་བོད་སྐྱོར་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་བཟོ་སྐྲུན་རྟེན་གཞི་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེ་ནི་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་རྟེན་གཞི་ཐོག་མ་དེ་རེད།ཡུལ་སྐོར་ཐོན་ལས་ཐད། ཉིང་ཁྲི་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་དབར་ཡུལ་སྐོར་བོད་སྐྱོར་མཉམ་ལས་གྲོས་མཐུན་བཞག་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སོཊ་ཡུལ་སྐོར་རིག་གནས་ཚོང་རྟཊ་བཏོད་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། ཐོན་ལས་བོད་སྐྱོར་རྣམ་གྲངས་དེ་དག་གིས་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་། མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་དང་ཕྱུག་འགྱུར་ཡོང་ཐབས་བྱས་ཡོད།

གཞན་ཡང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་ཤེས་ལྡན་པ་དང་། ལག་རྩལ། དོ་དམ། ཐབས་ལམ་སོཊ་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱི་ཐོན་རྫས་བོད་སྐྱོར་ཐབས་ལམ་བརྒྱུད། རྒྱལ་ཡོངས་ཀྱི་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱས་པས་ཚོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། དེའི་ནང་། ཅང་སུའུ་ཞིང་ཆེན་གྱི་མཁོ་སྤྲོད་མཉམ་ལས་ཁང་གིས་ཞིང་ཆེན་ཞིང་ལས་འགྲེམས་སྟོན་ཁང་དུ་ལྷ་སའི་དངོས་ཟོག་ཡག་ཤོས་ཞེས་པའི་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་འགྲེམས་སྟོན་ཁུལ་བཙུགས་པ་དང་། རིམ་རྩིས་བྱས་ན་ལྷ་སའི་ཆུ་ཡག་ཤོས་ཏུན་5000ལྷག་ཙམ་ཕྱིར་ཚོང་བྱས་ཡོད། གཞིས་ཀ་རྩེ་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་སྒྲིག་ཆུང་ཆུང་གིས་པ་སྣམ་རྫོང་དུ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་བདེ་བླག་ངང་བཙུཊ་པ་དང་།མིག་སྔར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་འདེབས་འཛུཊ་དཔེ་སྟོན་ཁུལ་དང་པོ་དང་ཕྱིར་གཏོང་སྔོ་ཚལ་ཐོ་འགོད་རྟེན་གཞི་དང་པོར་གྱུར་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱིས་བོད་སྐྱོར་འཛད་སྤྱོད་རོགས་སྐྱོར་གྱི“ནང་འདྲེན་ལྔ”ཞེས་པའི་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ་ནས་ཆབ་མདོ་གྲོང་ཁྱེར་གྱི་ཐོན་རྫས་སྣ་ཁ་300ལྷག་ཙམ་བོད་ནས་ཕྱིར་ཚོང་བྱས་ཡོད། རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོཊ་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ཐོན་རྫས་སྤུས་ལེཊ་བོད་ལྗོངས་ནས་ཕྱིར་གཏོང་བྱེད་པའི་གོམ་སྟབས་མུ་མཐུད་མགྱོཊ་སུ་ཕྱིན་ནས་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་དང་འབྲེལ་མཐུད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 ​བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་པ་དང་ཐོན་ལས་བོད་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་44.06བཏང་བ། 6 6 拉萨日报藏文 c187837.html 1 “ལོ་ལྔ་ཚན་བཅུ་བཞི་པའི”རིང་། /enpproperty-->