གཟིམ་སྤོས་ཀྱི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ།
2008ལོའི་ཟླ་6པར། གཟིམ་སྤོས་བཟོ་བའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད། ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། གཟིམ་སྤོས་དེ་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ནས་གཟིམ་སྤོས་ལས་སྣོན་བཟོ་གྲྭ་དེ་བས་མང་བས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་པར་བྱས་ཏེ།མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། པར་འདི་ནི་བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིའི་ལས་མིས་གཟིམ་སྤོས་ལ་ཐུམ་རྒྱག་པའི་རྣམ་པ་ཡིན། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)