ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི་2024ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཟླ་7ཚེས་9ཉིན་འགོ་ཚུགས་པ་དང་ཟླ་8ཚེས་24ཉིན་བདེ་བླག་ངང་མཇུག་འགྲིལ་བ་རེད།རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་མཐོ་རྒྱུགས་སློབ་བསྡུ་མཇུག་འགྲིལ་རྗེས་རང་ལྗོངས་ཀྱིས་སླར་ཡང་གསབ་བསྡུའི་ལས་དོན་བཀོད་སྒྲིག་མི་བྱེད་པས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ཁྲིམས་འགལ་པའམ་ཡང་ན་བར་མིས་མཐོ་རིམ་དཀྱུས་མའི་སློབ་རྒྱུས་སློབ་གསོ་དང་སློབ་གསོའི་རྣམ་པ་གཞན་དག་མཉམ་བསྲེས་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁ་བསླུས་རྒྱག་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་བསྡུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་།རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས་མཛུབ་སྟོན་དང་མཆན་བཀོད་ཐེངས་མང་བྱས་ཏེ་སློབ་བསྡུའི་ཡུལ་དངོས་སུ་བརྟག་ཞིབ་དང་མཛུབ་ཁྲིད་ལས་དོན་ལ་བསྐྱོད་ཡོད། རང་སྐྱོང་ལྗོངས་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡིས་སློབ་བསྡུའི་ལས་དོན་གྱི་ཞིབ་ཕྲའི་འགོ་ཁྲིད་བྱས་པ་དང་། སློབ་བསྡུའི་ལས་དོན་མི་སྣ་ཡོངས་ཀྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་འདེམས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པ།སྲིད་ཇུས་དང་གཏན་འབེབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་དྲང་གཞག་དང་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་ཤིང་།སློབ་བསྡུའི་ལས་འགན་བརྟན་པོའི་ངང་ལེགས་པར་བསྒྲུབས་ཡོད། སློབ་བསྡུའི་ལས་དོན་ཁྲོད་ལས་དོན་པ་ཡོངས་ཀྱིས་སློབ་བསྡུའི་སྲིད་ཇུས་ཁག་ལག་ལེན་ནན་ཏན་བསྟར་བ་དང་། མཐོ་སློབ་སློབ་བསྡུའི་བཀག་སྡོམ་བཅུ།མི་ཆོག་པ་སུམ་ཅུ། གཞི་རྩའི་བླང་བྱ་བརྒྱད་སོགས་ཀྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་པ། ལས་ཀའི་འགན་འཁྲི་ཁ་གསལ་དང་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་པ། སྲིད་ཇུས་དང་། འཆར་གཞི། ཡིག་ཚགས་གཏོང་སྤྲོད། ཞིབ་དཔྱད། ལྟ་སྐུལ་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་བ། རྒྱུགས་ལེན་དང་སློབ་བསྡུའི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་ཁྱབ་བསྒྲགས་བཅས་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གདན་འདྲེན་ཞུས་ནས་སློབ་བསྡུའི་ལས་དོན་ལ་གཟིགས་ཞིབ་གནང་བ་དང་། མཐོ་སློབ་ཀྱི་སློབ་མ་དང་། ཁྱིམ་བདག་གི་འཐུས་མི། གསར་འགྱུར་སྨྱན་སྦྱོར་བཅས་ཀྱིས་སློབ་བསྡུ་བྱ་ཡུལ་ལ་ལྟ་སྐོར་བྱས་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཚན་གྱིས་སློབ་བསྡུ་བྱ་ཡུལ་ཧྲིལ་པོར་ལྟ་སྐུལ་བཅས་བྱས་ནས་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་བདེ་འཇགས་དང་དྲང་གཞག་གི་སློབ་བསྡུ་མངོན་འགྱུར་བྱུང་ཡོད། རྒྱུགས་སྤྲོད་སློབ་མ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།སློབ་གསོའི་རྒྱུགས་ལེན་དང་སློབ་བསྡུའི་ཞབས་ཞུ་སྔར་བས་ལེགས་སུ་དང་མཐོ་རུ་བཏང་བ་དང་། འདོད་མོས་རེའུ་མིག་རྒྱོང་བའི་རམ་འདེཊ་མ་ལག་ཤར་གཏོང་བྱས་པ།སློབ་གསོའི་རྒྱུཊ་ལེན་བློ་འདྲིའི་ཚོམས་ཆེན་སྒོ་དབྱེ་བ། བློ་འདྲིའི་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས་མི་ཐེངས་7000ལྷག་ཙམ་གྱིས་ཁ་པར་བརྒྱབ་ནས་སྐད་ཆ་དྲིས་པར་ལན་བཏབ་ཡོད།
རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་མཐོ་སློབ་སློབ་བསྡུའི་བརྡ་ཐོ་འབྱོར་རྗེས་ངེས་པར་དུ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་དྲ་ཚིགས་དང་།ས་ཁུལ(གྲོང་ཁྱེར)གྱི་སློབ་གསོ་རྒྱུགས་ལེན་སྒྲིག་གཞི་བརྒྱུད་ཞིབ་དཔྱད་བྱས་ཏེ་མགོ་སྐོར་ཐེབས་རྒྱུར་དོཊ་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་ཡོད། དུས་མཚུངས་སུ་ཁ་པར།0891-6314277དང་།6314322 6650552བཅས་བརྒྱབ་སྟེ་བློ་འདྲི་བྱ་ཆོག
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社