ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་པ་རེད།
ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་གཏིང་ཟབ་གནང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་ནན་གསུངས་གནང་ཞིང་། ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་མུ་མཐུད་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ཀྱི་འབྱུང་ཁུངས་ཀྱི་སྒུལ་ཤུགས་སུ་ཏན་ཏིག་བསྒྱུར་ནས་ཡར་བརྩོན་ཆེན་པོས་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་ཞིབ་དཔྱོད་པུའི་ཀྲུའུ་རེན་གཞོན་པ་ཀྲེང་ཡན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་འཕེལ་རྒྱས་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པ་བསྟན་ཡོད། ཞིབ་དཔྱོད་དཔོན་ཞིག་ཡིན་པའི་ངོས་ནས་ངས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤེལ་བཞིན་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་འཚོར་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ།ཞིབ་དཔྱོད་ལྟ་སྐུལ་གྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་ལ་འཁེལ་པོས་འཚོལ་བ་དང་།ངས་ཞུ་གཏུག་བྱེད་པ་ལྟར་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་དམངས་འཚོའི་གྱོད་གཞི་ཚང་མ་ཡག་པོ་བསྒྲུབ་པ།མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དྲང་བདེན་གྱི་སྣང་བ་ཞིག་ཚོར་ཐུབ་པར་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གསུམ་པའི་ཀྲུའུ་རེན་གཞོན་པ་ཏུང་ཞང་ཞང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཅིག་གྱུར་འཆར་འགོད་བྱས་ཡོད་པས། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།ཆེས་མཐོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་གོ་སྐབས་སུ་བརྩིས་ནས་རང་འགུལ་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གཞུང་དོན་ཁང་དང་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ས་ཚིགས་སོགས་བརྒྱུད།བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་སྔར་བས་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་ཁྲོམ་རའི་དཔལ་འབྱོར་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་སྔར་ལས་ལེགས་པ་གཏོང་བ་དང་། ཁེ་ལས་གོང་འཕེལ་བཟང་པོ་ཡོང་བར་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་བཅོས་བྱེད་པར་སྔར་ལས་ནུས་ལྡན་གྱི་ཞབས་འདེགས་དང་འགན་སྲུང་བཅས་བྱ་རྒྱུ་ཡིན་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社