ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་22ཉིན་ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྙེ་མོ་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་འཚོགས་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་དང་། ནང་དོན་ཕུན་སུམ་ཚོགས་པ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཡོད་པས་དུས་རབས་གསར་པའི་སྒྱུར་བཅོས་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། བྱ་སྤྱོད་ཀྱི་འཆར་གཞི་བཀོད་དང་། གདོང་མཆོང་གི་དུང་བརྡ་ཡང་བཏང་ཡོད།ཚང་འཛོམས་གྲོས་ཚོགས་ཐོག་ཐོག་མཐའ་བར་གསུམ་ལྔ་ལ་དམིགས་པ་དང་། རྩ་དོན་ལྔ་མཐའ་འཁྱོངས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་དང་། ཕྱོགས་བསྡུས་དཔྱད་ཞིབ།རྣམ་གྲངས་འཆར་འགོད་བཅས་དམ་འཛིན་ཡག་པོ་བྱས་ཏེ་འགོ་ཚུགས་ཡག་པོ་དང་གོམ་སྟབས་ཡག་པོ་སྤོས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་མཛུབ་སྟོན་གནང་ཡོད།
སྙེ་མོ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་སྣེ་ཁྲིད་དེ་སློབ་སྦྱོང་དང་བསམ་གཞིགས། གོ་བ་ལེན་པ།ལག་ལེན་བསྟར་བ། དྲིལ་བསྒྲགས་སྒྲོག་འགྲེལ་བཅས་བྱས་ཏེ་དོན་འཁྱོལ་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་རྒྱུ་དང་།ལས་དོན་གསར་གཏོད་བྱས་ཏེ་ལྷ་སའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྙེ་མོ་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཀའོ་ཅུན་ཧྥུང་གིས།གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་བརྗིད་ཆེའི་འཆར་གཞི་བཀོད་པ་དང་གོམ་སྟབས་རྗེས་མའི་འབྱུང་ཁམས་ཤེས་དཔལ་སྒྱུར་བཅོས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།ང་ཚོས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་ཐོག་སྐུལ་འདེད་གཏོང་བ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་གཙོ་གནད་ལས་རིགས་དང་།སྦགས་བཙོག་དངོས་པོ་གཙོ་བོ་འབུད་གཏོང་།རྣམ་པ་གསར་པའི་སྦགས་བཙོག་དངོས་པོ་བཅས་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་སྙེ་མོ་གསར་པ་མཉམ་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད།
སྙེ་མོ་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཀའོ་ཅུན་ཀྲོའུ་ཡིས། ངས་སྙེ་མོ་རྫོང་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་དང་མཉམ་དུ་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་མཁན་བཅས་བྱས་ནས་འཛུགས་སྐྲུན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གནད་ལ་འཁེལ་བ་དང་། རྨང་གཞི་བརྟན་དུ་གཏོང་བ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་གཙོ་གནད་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུར་ལན་འདེབས་རྒྱུ་གཞི་རྩར་བྱས་ནས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ཀྱི་བྱ་སྤྱོད་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད།སྙེ་མོ་རྫོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社