分享按钮

ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ།

ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

པར་འདི་ནི་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་ལས་བཟོ་བས་མེ་ཏོག་གི་ཁོག་མ་བརྗེ་བཞིན་པའི་རྣམ་པ་ཡིན།

རྣམ་གྲངས་རེ་རེ་བཞིན་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་རེ་རེ་བཞིན་ས་གཞིའི་སྟེང་དུ་ཆགས་པར་མ་ཟད། བཟོ་ཁང་རེ་རེའི་ནང་ཐོན་སྐྱེད་བྱེད་པའི་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་པས།གང་སར་ཐོན་ལས་འཛུགས་སྐྲུན་གྱི་ཚ་རླབས་རབ་ཏུ་འཕྱུར་ཞིང་།ཐོན་ལས་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30ཡི་རིང་།ཅང་སུའུ་ཡིས་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་10མངགས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་དང་ལྷག་པར་དུ་ཐོན་ལས་བོད་སྐྱོར་ཐད་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་བཏོད་དེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

དབྱར་དུས་ཀྱི་མལ་གྲོར་པད་ཁའི་མེ་ཏོག་གཅིག་རྗེས་གཉིས་མཐུད་ངང་ལྷུག་པོར་བཞད་པ་དང་། བསིལ་བསིལ་རླུང་བུ་དང་འགྲོགས་ནས་པད་ཁའི་མེ་ཏོག་གི་གསེར་མདོག་གི་རླབས་ཕྲེང་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་ཞིང་།མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བཞིན་ཉམས་དགའ་བ་ཞིག་ཡོད། གསར་འགོད་པ་མལ་གྲོ་གུང་དཀར་རྫོང་དུ་གནས་པའི་པད་ཁའི་སྣུམ་འཚག་བཟོ་གྲྭ་ཞིག་ཏུ་སླེབས་སྐབས་གསེར་མདོག་གི་པད་ཁའི་སྣུམ་ཐོན་སྐྱེད་བྱེད་བཞིན་ཡོད་པས་པད་ཁའི་དྲི་བསུང་ཞིམ་པོ་ཞིག་འཐུལ་ཡོང་། དམ་བེ་བཟོ་བའི་འཕྲུལ་འཁོར་དང་སྣུམ་བླུག་འཕྲུལ་འཁོར་སོགས་ཐོན་སྐྱེད་བྱེད་པའི་ནང་བཟོ་པ་ཚོའི་ལས་སྒོ་བྱང་ཆུབ་པ་དང་། ཁ་དབྲག་འཕྲུལ་འཁོར་གྱིས་དུས་ངེས་མེད་དུ་དངོས་ཟོག་འདོན་སའི་འཁོར་ཁང་དང་མཛོད་ཁང་དབར་ཕར་འགྲོ་ཚུར་འོང་བྱེད་བཞིན་པད་ཁའི་སྣུམ་བླུགས་པའི་སྒམ་རྣམས་གྲལ་འགྲིག་པོའི་ངང་བཞག་ནས་ས་གནས་ས་ཐོག་ཏུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ། 6 6 拉萨日报藏文 c187832.html 1 ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། /enpproperty-->