分享按钮

དུས་རབས་གསར་པའི་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་བུར་ཀྲུང་གོས་འདི་ལྟར་འབད་བཞིན་པ།

རིག་མཛོད་ཀྱི་སྙན་ཞུར་བརྟེན་ནས་ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གླེང་བ།

དར་དམར་ལྷབ་ལྷུབ་ཏུ་གཡོ། དགའ་སྤྲོའི་མིག་ཆུ་ཉིལ་ཉིལ་དུ་བཞུར། ལུས་རྩལ་དེ་ནི་དབྱར་དུས་འདིའི་དམངས་ཡོངས་ཀྱི་བརྗེད་པར་དཀའ་བའི་དྲན་འཆར་ཞིག་ཏུ་གྱུར།

ཡུན་རིང་མ་སོང་གོང་། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ་ཀྲེན་ཆིན་ཝུན་གྱིས་ཁུ་ཚུར་གཉིས་དམ་པོར་བསྒྲིལ་ནས་ལུའོ་ལན·ཅ་ལུའོ་སིའི་ས་ངོས་དམར་པོར་གན་རྐྱལ་དུ་ལོག་ཅིང་དགའ་བའི་འབོད་སྒྲ་བསྒྲགས་པ་དང་། ཕན་ཀྲན་ལེ་ཉ་ཆུར་འཛུལ་བ་བཞིན་སྔོ་ཐིང་ཐིང་གི་ཆུ་རྫིང་དུ་རྐྱལ་རྩལ་འགྲན་བསྡུར་ལ་ཞུགས་པ། རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་བུད་མེད་ཚོགས་པས་བསྟུད་མར་ཨང་དང་པོ་ལྔ་བླངས་པ། ཀྲུང་གོའི་འཐུས་མི་ཚོགས་པས་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལོ་རྒྱུས་ཀྱི་གསེར་གྱི་རྟགས་མ་300པ་དེ་བླངས་པ་སོགས་ཀྱིས་སའེ་ན་གཙང་པོའི་འགྲམ་དུ་བརྗིད་ཉམས་ལྡན་པའི《འོས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས》ཡང་ནས་བསྐྱར་དུ་བསྒྲགས་ཐུབ་ཡོད་ལ། རྒྱལ་ཁ་དང་། འབད་བརྩོན། མཐུན་སྒྲིལ། མཛའ་གྲོགས་སོགས་ཀྱི་གཏམ་རྒྱུད་དེ་དག་ལས་མི་རྣམས་ཀྱི་སེམས་ལ་སྐུལ་མའང་ཐེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་33པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཚོགས་མི་ཡོངས་དང་མཇལ་འཕྲད་གནང་སྐབས། “ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཐོབ་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་ནི་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཕྱིན་པ་དང་ཡར་ཐོན་བྱུང་བའི་མཚོན་རྟགས་ཤིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པའི་མཚོན་རྟགས་ཤིག་ཀྱང་ཡིན། དེས་དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་ལེགས་པར་མངོན་ཡོད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མུ་མཐུད་འཕེལ་རྒྱས་ལྷོད་མེད་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་ལ་མཉམ་དུ་དམ་འཛིན་བྱས་ཏེ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས་ཞེས་གསུངས་ཡོད།

དུས་རབས་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་ཀྱི་ཐོག་ནས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཀྲུང་གོའི་བྱ་གཞག་ལ་དགོངས་པ་གཏིང་ཟབ་ཅིང་། ཚུགས་གནས་མཐོ་བ། གཟིགས་རྒྱང་རིང་བ་སོགས་ཀྱི་ཁྱད་ཡོན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཏོད་ཡོད།

ཚེས་27ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས་གོ་ལ་ཧྲིལ་པོར《ལུས་རྩལ་སྟོབས་ལྡན་རྒྱལ་ཁྱབ་ཀྱི་ཕྱོགས་སུ་སྐྱོད་པའི་ལམ་བུ། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་བློ་སྒོ་འབྱེད་ཚུལ》ཞེས་པ་ཁྱབ་བསྒྲཊ་བྱས་ཤིང་།ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་དབར་གྱི་གཏན་ཚིགས་ཀྱི་འབྲེལ་བ་གསལ་པོར་འགྲེལ་བ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 རིག་མཛོད་ཀྱི་སྙན་ཞུར་བརྟེན་ནས་ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གླེང་བ། 6 6 拉萨日报藏文 c187833.html 1 དུས་རབས་གསར་པའི་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་བུར་ཀྲུང་གོས་འདི་ལྟར་འབད་བཞིན་པ། /enpproperty-->