ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ།《ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང་།《ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས》སློབ་སྦྱོང་གནང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལས་དོན་སྤེལ་ཚུལ་གསན་ནས་ཕྱིས་འབྱུང་གི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་ནང་བྱ་ཐབས་ནུས་ལྡན་མང་པོ་ཡོད་པས། ཞབས་ཞུའི་འཛད་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས་ནང་མཁོ་སྔར་བས་རྒྱ་ཆེར་གཏོང་བའི་བརྡ་རྟགས་དྲག་པོ་བཏང་ཡོད། ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། རིམ་པ་ཁག་དང་། སྡེ་ཚན་ཁག ཁོངས་གཏོགས་ས་ཁུལ་ཁག་བཅས་ཀྱི་ཏང་སྲིད“འགོ་ཁྲིད་གཙོ་བོས”རྒྱལ་ཁབ་ཀྱིས་ཡར་སྐུལ་སྲིད་ཇུས་བཏོན་ནས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དོན་སྙིང་ལ་སྔོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། བསམ་ཕྱོགས་གསལ་པོར་བཟོ་དགོས་པ་སྟེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་ཐག་གཅོད་བྱེད་དགོས་པའི་འགལ་བ་གཙོ་བོར་ཞིབ་འཇུག་དང་བསམ་བློ་ནན་ཏན་བཏང་ནས་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཐོན་ལས་ཐད་འབད་བརྩོན་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་ནང་གནས་ནུས་པ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས། དམིགས་དབེན་གཏན་འཁེལ་བྱེད་དགོས་པ་སྟེ། ཉམས་མྱོང་ཕྱོགས་བསྡོམས་དང་ཐོན་ཁུངས་བེད་སྤྱོད་གང་ལེཊ་བྱས་ཏེ། འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་འཛད་སྤྱོད་བྱ་ཡུལ་གསར་པ་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག 《ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས》ནི་རང་རྒྱལ་གྱི་ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་པོ་དེ་ཡིན་པ་དང་། ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། འགན་འཁྲི་ནན་དུ་གཏོང་དགོས་པ་སྟེ།《གཏན་འབེབས》ཀྱི་བླང་བྱ་ལྟར། སློབ་སྦྱོང་ཏན་ཏིག་དང་འགན་འཁྲི་གཙང་སྒྲུབ་བྱེད་དགོས། གཅིག་གྱུར་ངང་དམ་འཛིན་བྱེད་དགོས་པ་སྟེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社