分享按钮

རང་གྲོང་གི་2024ལོའི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་གཞི་གྲངས་ལེགས་སྒྲིག་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ནོར་སྲིད་ཐིང་དང་བསྡོམས་རྩིས་ཅུས་དང་མཉམ་དུ《2024ལོའི་ལོ་འཁོར་གོང་མའི་ལྗོངས་ཡོངས་ཀྱི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་2024ལོའི་ལོ་འཁོར་གོང་མའི་ལྗོངས་ཡོངས་ཀྱི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར་11546གཏན་འཁེལ་བྱས་ཏེ། ལྗོངས་ཡོངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་གཞི་གྲངས་བསྡུ་འཇལ་དང་ཐོབ་ཐང་རྩིས་སྤྲོད་ཀྱི་གཞི་འཛིན་སར་བརྩིས་ཡོད།

2024ལོར་ཚན་པའི་སྤྱི་ཚོགས་འགན་བཅོལ(རྒན་གསོ་དང་། ལས་རྨས། ལས་ཤོར)གྱི་གྲོན་དངུལ་འཇལ་རྒྱུའི་གཞི་གྲངས་མཐོ་ཤོས་ཟླ་བ་རེར་སྒོར་34638ཡིན་པ་དང་། གྲོན་དངུལ་འཇལ་རྒྱུའི་གཞི་གྲངས་དམའ་ཤོས་ཟླ་བ་རེར་སྒོར་6927.6ཡིན། སྟབས་བསྟུན་ལས་ཞུགས་འགན་བཅོལ་ནང་ཞུགས་མཁན་གྱི་འགན་བཅོལ་ཚད་གཞི་ནི། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི《ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོའི》ཡིག་ཆའི་བླང་བྱ་གཞིར་བཟུང་། ཁེར་རྐྱང་བཟོ་ཚོང་དུད་ཚང་དང་སྟབས་བསྟུན་ལས་ཞུགས་འགན་བཅོལ་ནང་ཞུགས་མཁན་གྱིས་རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལས་བཟོ་བའི་ཆ་སྙོམས་གླ་ཕོགས་ཀྱི་བརྒྱ་ཆ་60དང་། བརྒྱ་ཆ་80 བརྒྱ་ཆ་100 བརྒྱ་ཆ་150 བརྒྱ་ཆ་200 བརྒྱ་ཆ་300བཅས་གཞིར་བཟུང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 6 6 拉萨日报藏文 c187830.html 1 རང་གྲོང་གི་2024ལོའི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་གཞི་གྲངས་ལེགས་སྒྲིག་བྱས་པ། /enpproperty-->