ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་27ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་སྣེ་ཁྲིད་དེ་རང་གྲོང་གི་མཐོ་གསར་ཁུལ་ར་མ་སྒང་ཁྲོམ་གཞུང་སྣེའུ་སྡེ་ཁུལ་དང་། རིག་གནས་བློ་གསར་གླིང་ཚེ་མཆོག་གླིང་ཁྲོམ་གཞུང་སེམས་མཐུན་སྡེ་ཁུལ། ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་བཅས་སུ་བསྐྱོད་དེ་དྲ་མིག་གི་ཞབས་ཞུའི་དོ་དམ་ལས་དོན་དང་སྡེ་ཁུལ་ལས་དོན་པའི་ནུས་པ་འདོན་སྤེལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་བྱེད་རིང་།ཀྲའོ་ཧུའེ་ཉན་གྱིས་སྡེ་ཁུལ་དང་ཁྲོམ་གཞུང་ཁག་གི་དྲ་མིག་གི་དོ་དམ་ལས་དོན་སྙན་ཞུར་ཞིབ་ཕྲ་གསན་པ་དང་། སྡེ་ཁུལ་གྱི་དྲ་མིག་ཁག་བགོས་དང་། དྲ་མིག་གི་མི་སྣ་བཀོད་སྒྲིག སྡེ་ཁུལ་གྱི་ལས་དོན་པས་འགན་འཁྲི་སྒྲུབ་པ་དང་། རྩ་འཛུགས་སྒྲིག་གཞི། ལས་ཀའི་ལམ་སྲོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་ལས་དོན་པས་དཀའ་སྡུག་བཟོད་པ་དང་།ལེགས་སྐྱེས་འབུལ་འདོད་པའི་སྙིང་སྟོབས་ལ་ཁས་ལེན་གནང་བ་དང་།ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་ནུས་ཆེའི་ཞབས་ཞུ་སྒྲུབ་རྒྱུའི་སྐུལ་ལྕག་གནང་བ་རེད།ཁོང་གིས་དྲ་མིག་གི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་ནི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་། ཚན་རིག་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཨུད་ཀྱི་བརྟན་ལྷིང་དང་གྲོང་ཁྱེར་བདེ་འཇགས་ཀྱི་ལས་དོན་རྩ་དོན་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社