分享按钮

ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ནས་རི་སྐྱེས་སྨན་རྒྱུ་དབྱེ་འབྱེད་བྱས་པ།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་བོད་ལུགས་གསོ་རིག་ཚན་ཁག་གི་བོད་སྨན་སྨན་རྒྱུ་དབྱེ་འབྱེད་འགྲན་བསྡུར་སྐབས་བདུན་པ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་བོད་ལུགས་གསོ་བ་རིག་པའི་ཚན་ཁག་གི་སྨན་པ་དང་། གྲོང་གསེབ་ཀྱི་སྨན་པ། སློབ་ཆེན་གྱི་དངོས་སྦྱོང་སློབ་མ་སོགས་མི་གྲངས་40ལྷག་ཙམ་གྱི་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་ནས་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་རི་སྐྱེས་སྨན་རྒྱུ་རིགས་200ལྷག་ཙམ་ལ་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་དང་། རྩ་ཆེ་བ་དང་སྨན་སྤྱོད་རིན་ཐང་ཅུང་མཐོ་བའི་སྨན་རྒྱུ་རིགས་100ལྷག་ཙམ་སྒྲུག་ནས་སྨན་རྒྱུ་དབྱེ་འབྱེད་དཔྱད་ཞིབ་བྱས་པ་དང་སྦྲགས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་སློབ་མར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲད་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། བོད་ལུགས་གསོ་རིག་པས་རི་སྐྱེས་སྨན་རྒྱུ་ངོས་འཛིན་བྱེད་ཚད་མཐོ་རུ་ཕྱིན་པ་དང་། བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་མལ་གྲོ་གུང་དཀར་རྫོང་གི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

↑ པར་འདི་ནི་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་རི་སྐྱེས་སྨན་རྒྱུ་དབྱེ་འབྱེད་བྱེད་ཐབས་འགྲེལ་བཤད་རྒྱག་བཞིན་པའི་རྣམ་པ་ཡིན། → པར་འདི་ནི་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་རི་སྐྱེས་སྨན་རྒྱུའི་ཁྱད་ཆོས་དང་གཙོ་བཅོས་ཕན་ནུས་འགྲེལ་བཤད་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187040.html 1 ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ནས་རི་སྐྱེས་སྨན་རྒྱུ་དབྱེ་འབྱེད་བྱས་པ། /enpproperty-->