分享按钮

ཁྲེང་ཀོན་ཆུས་སུ་མངགས་གཏོང་བྱས་པའི་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་ ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཧོ་ཕུང་གིས་འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་།ཁེ་ལས།དེ་བཞིན་ཁྲེང་ཀོན་ཆུས་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཚོཊ་འདུའི་ཐོག་བཏོན་པའི་གནད་དོན་ཐག་གཅོད་ཀྱི་ལས་དོན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པ་དང་།འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས་སྡེ་ཚན་ཁག་གིས་ཕན་ཚུན་རྒྱབ་སྐྱོར་དང་།ཕན་ཚུན་གཞོགས་འདེགས།མཉམ་ཤུགས་ཆགས་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་།མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དུས་ཐོག་ཏུ་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་དག་ཆེད་དོན་ལས་དོན་ཚོགས་ཆུང་ལ་སྙན་སེང་ཞུ་དགོས་པ་དང་།གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བར་བྱས་ནས་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187038.html 1 ཁྲེང་ཀོན་ཆུས་སུ་མངགས་གཏོང་བྱས་པའི་གྲོང་ཨུད་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་ ཚོགས་འདུ་འཚོགས་པ། /enpproperty-->