分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད) ཀྲའོ་ཧུའེ་ཉན་གྱིས་མིག་སྔར་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་ཚང་མས་ངེས་པར་དུ་ཚུགས་གནས་མཐོ་རུ་གཏོང་བ་དང་འཆར་འགོད་གཏིང་ཟབ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་འགོ་འཛུགས་པ་དང་། ཚན་རྩལ་གསར་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཚན་རྩལ་མདུན་གྲལ་གྱི་འགུལ་རྣམ་ལ་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་བཅས་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་གསར་པ་སྣོན་དགོས། ངེས་པར་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་ཟབ་དམིགས་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་ལག་རྩལ་གྱི་དཀའ་གནད་སེལ་ནས་གསར་གཏོད་ཀྱི་ལག་ལེན་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས། ངེས་པར་དུ་གཞི་རྟེན་གསར་གཏོད་དང་ཚན་རིག་ཁྱབ་གདལ་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ཁང་དང་། སློབ་གྲྭ སྡེ་ཁུལ་སོགས་ལས་སྟེགས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ནས་ཚན་རྩལ་ཁྱབ་གདལ་སློབ་གསོའི་གཞི་རྟེན་དང་རྣམ་པ་གསར་གཏོད་ཧུར་ཐག་བྱས་ཏེ་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་འགུག་ཤུགས་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་ཁོར་ཡུག་བཟང་པོ་ཆགས་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ལས་དོན་པར་འབད་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་ཡང་འབད་བསྐྱར་འབད་དང་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་པ། ཚན་རྩལ་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187037.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->