ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད།ཉེ་ཆར།ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གུར་ས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་ཨུ་ལྷན་གཉིས་དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག མང་ཚོགས་ཏང་ཡོན་དང་དེ་བཞིན་སྡེ་ཁུལ་གྱི་ལས་དོན་པ་བཅས་སྒྲིག་འཛུགས་བྱས་ནས་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་སྐལ་བཟང་ཚེ་རིང་གདན་འདྲེན་ཞུས་ནས་ཆེད་དོན་སྒྲོག་འགྲེལ་བྱས་ཡོད།སྐལ་བཟང་ཚེ་རིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་།ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ།ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་ལ་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་གནང་བ་རེད།དེ་དང་ཆབས་ཅིག་སྐལ་བཟང་ཚེ་རིང་གིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཞིབ་ཕྲའི་བླང་བྱ་དང་།གཙོ་གནད་ལས་འགན་སྐོར་ནན་གསུངས་གནང་བ་རེད།
ཚོགས་ཞུགས་ཏང་ཡོན་ཚོས་ནན་ཏན་གྱིས་ཉན་པ་དང་ཟིན་བྲིས་བཀོད་པར་མ་ཟད།གྲོས་བསྡུར་དང་སྤེལ་རེས་ཀྱང་བྱས་པ་རེད།ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པས།སྔ་འཛིན་ཕྱི་གཏོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ངོས་འཛིན་གཏིང་ཟབ་བྱས་ཡོད།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།སྐལ་བཟང་ཚེ་རིང་གིས་འགྲེལ་བཤད་གནང་བ་བརྒྱུད་ཚང་མའི་རང་ངོས་ཀྱི་འགན་འཁྲི་དང་འོས་འགན་སྔར་བས་ཁ་གསལ་བྱུང་ཡོད།ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།འདུ་ཤེས་བཞི་ཟབ་ཏུ་གཏོང་བ།གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་གུར་ས་གྲོང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社